R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༥༨
[A:༣༥༨]བརྒྱུད་པ་ནི། རྣལ་འབྱོར་མ་ནས་ཨ་བ་དྷཱུ་ཏིའི་བར་སྔར་བཞིན་ལ། དེ་ནས་ཤ་བ་ར། སྟོང་ཉིད་ཏིང་འཛིན་བཟང་པོ། ཧ་ངུ༌། དཔྱལ་ཀུན་རྡོར་ཀུན་དགའ་གྲགས། ལྷ་ལུང་པ།
རྡོ་རྗེ་བཟང་པོ
། སྟག་པ་ཇོ་བཟངས། དཔྱལ་ཆོས་བཟངས། དཔྱལ་པདྨ་ཅན། ཉི་མ་དཔལ་བཟང་པོ། གངས་པ་གཞོན་ཡེ་ཤེས། བླ་མ་དཔལ་རིན་ཆེན་བཟང་པོ། ཀུན་དགའ་དཔལ། ཉི་མ་དཔལ་བཟང་པོ། ཆོས་རྒྱལ། ཤེས་རབ་དཔལ་བཟང༌། ཆོས་དཔལ་ཤེས་རབ། གྲགས་འབྱུང་བ་ནས་སྔ་མ་བཞིན་ནོ།། །།ཡང་དབུ་བཅད་མའི་བརྒྱུད་པ་ནི། དཔྱལ་ཀུན་རྡོར་གྱི་བར་དོན་གྲུབ་མ་བཞིན་ལ། དེ་ནས་ཡང་དབེན་པ་བསོད་ནམས་སེང་གེ ཀུན་དགའ་གྲགས། ལྷ་ལུང་པ་
འདི་གསུམ་གས་ཀུན་རྡོར་ལ་ཐོབ་པས་གང་རུང་རེ་རེས་ཆོག་པར་གྲགས
། མཁའ་སྤྱོད་པ། པད་མ་ཅན། ཞལ་སྔ་བསོད་རིན། ཀུན་རིན། བསོད་ནམས་བྱང་ཆུབ། འཛམ་གླིང་པ། ཤེས་རྡོར་བ་མན་གོང་བཞིན་ནོ།། ༈ །ཕག་མོ་རུས་སྦལ་ཞབས་ཀྱི་བྱིན་བརླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། ཤ་བ་ར། མཻ་ཏྲི་པ། བྱ་ཀ་པ། ད་ཤ་བ་ལ་ཤྲཱི། བིཀྵནྟ་དེ་བ། ཨཱ་ནནྡཱ་ཀ་ར། ཤཱཀྱ་ཤྲཱི་བྷ་དྲ། དཔྱལ་ཆོས་བཟངས། དགའ་ལྡན་པ། ཁུ་ཅན་པ། ཁྱུང་ཚང་པ། ལོ་མཆོག དཔལ་ལྡན་སེང་གེ ཤེས་རྡོར་བ། ཆོས་སྒོ་བ། བསོད་དར་བ། དམར་སྟོན། ཆོས་རྒྱལ་གྲགས་པ་འབྱུང་གནས། རྗེ་བླ་མ། དེས་བདག་ལའོ། །འདིའི་ཐུགས་ཀྱི་རྗེས་གནང་བླ་མ་མཐོ་རྩེགས་བསྒོམས་ལ་གསོལ་བ་བཏབ། རིམ་གྱིས་ཐིམ་ནས། བུ་ལྟོས་ཤིག་ལྟོས་ཤིག་སེམས་པ་ལྟོས། །བལྟས་པས་སྤྱིར་ཡང་མཐོང་བ་མེད། །མ་འགགས་རྩལ་ལ་ཅི་ཡང་འཆར། །ཟུང་འཇུག་ཡེ་ཤེས་ངོ་མཚར་ཆེ། །ཞེས་གླུ་དང་ཏིང་ཤག་བརྡུང༌། དཀྱིལ་འཁོར་ནི་འདབ་ར་དཀར་པོའི་སྟེང་དུ་སྣ་ཚོགས་པདྨའོ། །སྐུ་གསུང་སྤྱི་དང་འདྲ་སྟེ་བྱིན་བརླབས་