R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༡
[A:༣༦༡]མི་ལོ་ཙཱ་བ། མངའ་རིས་པ་གསལ་རྙིང༌། འཁོན་སྒྱི་ཆུ་པ། རྗེ་ས་ཆེན། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ཡར་སྒོམ་སེ་བོ། དངོས་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། བླ་མ་སེང་གེ་རྒྱལ་མཚན། རིན་པོ་ཆེ་བསོད་དར་བ། རྗེ་དམར་སྟོན། རྗེ་བླ་མ། དེས་བདག་ལའོ།། ༈ །།ཡང་གསང་
གསན་ཡིག་ན་ནག་ཚོའི་འགྱུར
། བ་འདུས་པའི་བདག་བྱིན་གྱིས་བརློབས་པའི་རིམ་པ་དང༌། མངོན་པར་བྱང་ཆུབ་པའི་རིམ་པ་གཉིས་ཨརྻ་
ཕྱག་འགྱུར་བསྲུང་བ་གནང་ཡང་འདི་ཁ་ཡིན་པ་འདྲའོ
།། དེ་བས་མཛད་པ་ཤྲཱདྡྷ་དང་ལོ་ཆེན་འགྱུར། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཀླུའི་བློས་མཛད་པ་ཆག་འགྱུར་རྣམས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ལྷ། རྟ་དབྱངས། རོལ་པའི་རྡོ་རྗེ། དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར་པ། གནྡྷི་ར་མ་ཏི། ནསྐ་ལངྒ་དེ་བ། རེ་བེནྡྲ། ཆག་ཆོས་རྗེ་དཔལ། བླ་བྲང་པ་གཞོན་ནུ་རྒྱལ་མཚན། བླ་བྲང་པ་བློ་གྲོས་དཔལ། བླ་བྲང་པ་ཉི་མ་རྒྱལ་མཚན། བླ་བྲང་པ་བསོད་ནམས་དཔལ་འབྱོར། དམར་སྟོན་པ། རྗེ་བླ་མ། དེས་བདག་ལའོ།། ༈ །།སྒྲུབ་ཐབས་
ཡན་ལག་ལུས
། ཀུན་ཏུ་བཟང་མོའི་བཤད་པ་བི་ད་ཡཱ་དཱས་མཛད་པ་ཀ་མ་གུ་ཧྱ་དང༌། མངའ་བདག་ཡེ་ཤེས་རྒྱལ་མཚན་གྱི་འགྱུར་ཐོབ་པའི་བརྒྱུད་པ་ནི། སྨན་ཞབས། འཇམ་དཔལ་གྲགས་པའི་བཤེས་གཉེན་དཔལ་སྡེ་བ། ཡི་གེ་པ། མི་ཏྲ་པཎྜི་ཏ། ཀརྞ་པ།
ནག་པོ་ཟེར་བ་བརྟག
གཏོར་མ་པ། གཉོས་ལོ་ཙཱ་བ། སློབ་དཔོན་རྡོ་རྗེ་བླ་མ། གཉོས་དཔལ་གྱི་སེང་གེ གཉོས་གྲགས་པ་དཔལ། གཉོས་རྒྱལ་བ་ལྷ་སྣང་བ། སྟོན་མོ་ལུང་པ། ཡེས་མཁར། ཀུན་མཁྱེན་ཆོས་འོད། ཀུན་མཁྱེན་འཕགས་འོད། ཆོས་རྗེ་བུ། མཁན་ཆེན་དྷརྨྨ་ཤྲཱི། ཀུན་མཁྱེན་ཤེས་རབ་འོད་ཟེར། རིན་པོ་ཆེ་རྡོ་རྗེ་