R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༦༢
[A:༣༦༢]བླ་མ། ཞལ་མངའ་ཀུན་རྒྱལ། རྗེ་བླ་མ། དེས་བདག་ལའོ།། ༈ །།གསང་བ་འདུས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཏཻ་ལོ་པ། ནཱ་རོ་པ། མར་པ། འཚུར་དབང་གི་རྡོ་རྗེ། རྒྱ་ཕོ་བ་ལུང་པ། སྙེ་མདོ་བ་བསོད་ནམས་དཔལ། གཉལ་པ་ཆོས་གྲགས། བྱ་རིན་ཆེན་འོད། བློ་ཆེན་སང་འབུམ། ལོ་མཆོག བླ་མ་དཔལ་སེང༌། བག་སྟོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་བདེ་ལེགས་དཔལ། གཉག་ཕུ་བ་བསོད་བཟང༌། ཆོས་བཟང་ཉི་མ། རྗེ་བླ་མ། དེས་བདག་ལའོ།། ༈ །།ཕྱག་ན་
རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་པ
། རྡོ་རྗེ་ལྷ་གཅིག་འགྲོ་བཟང་སྙིང་པོའི་ལུགས་ཀྱི་རྗེས་གནང་གི་
འདི་རྗེས་གནང་དུ་བསམ་ནས་ཞུས་པ་ཡིན་ཡང་དབང་དེ་ཁ་ཡིན་འདུག་ཅིང་དབང་འདིས་སྔ་ནས་ཐོབ་པའོ
།། བརྒྱུད་པ་ནི། རྡོ་རྗེ་འཆང༌། བཛྲ་པཱ་ཎིཿ ཙརྻ་ཀ་དྷརྨ་བཛྲཿ ས་མནྟ་བྷ་དྲཿ སུ་ག་ཏ་གརྦྷཿ རཏྣ་བཛྲཿ སཏ་ཛ་ནཿ ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ། ཞུ་ས་སྐྱ་པ། རྗེ་བཙུན་གྲགས་སེང༌། འདིར་མཚན་བཞི་མི་གསལ། བྲག་སྟོན་བསོད་རྒྱལ། བུ་སྟོན་པ། རིན་རྣམ་པ། རིན་པོ་ཆེ་གྲགས་རྒྱལ། རྗེ་བླ་མ། དེས་བདག་ལའོ། །ཡང་ན། ཟངས་དཀར་བ། གཡོར་པོ་ཇོ་སྟོན། བཅུར་བསོད་ནམས་རིན་ཆེན། འཇིད་བུ་བ་པད་མ་བཀྲ་ཤིས། ལྷ་རྗེ་ཇོ་བཟང༌། ཁྲོ་ལོ། མཁན་ཆེན་བསོད་དབང༌། རིན་པོ་ཆེ་ཁྲོ་ཕུ་བ། ཡང་རྩེ་བ་རིན་ཆེན་སེང་གེ བུ་ནས་སྔར་བཞིན་ནོ།། ༈ །།
དྲག་པོ་གསུམ་འདུལ་གྱི་རྒྱུད་ལས་གསུང༌།
ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། གསང་བདག ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་ཆུང༌། བ་རི་བ། རྗེ་ས་ཆེན། རྗེ་རྩེ་མོ། རྗེ་བཙུན་རིན་པོ་ཆེ། རྗེ་ས་པཎ། རྗེ་འཕགས་པ། དོ་པ། ལུང་མང་པོ། ཡོན་ཏན་ཁྲི། སེང་བཟང༌། སེང་རྒྱལ་བ། བསོད་དར་བ། དམར་སྟོན་པ། རྗེ་བླ་