R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༡
[A:༣༡]པ། ཏིང་ངེ་འཛིན་གྱིས་གསད་པ་སྟེ་དྲག་པོའི་མན་ངག་གསུམ་རྣམས་སོ། །དཔལ་ལྷ་མོའི་སྒྲུབ་ཐབས། ལོ་ཙཱ་བ་ཆེན་པོ་དང་བྲག་སྟེངས་པ་ལས་རྒྱུད་པ་པཎྜི་ཏ་ལོ་ཀ་ཤྲཱིས་མཛད་པ། བཀའ་ཉན་ཕོ་མོ་གསེར་གྱི་སྤུ་གྲི་ཅན་ཞེས་བྱ་བའི་མན་ངག་གནོད་སྦྱིན་ཕོ་མོ་དང༌། གཤིན་རྗེ་ཕོ་མོའི་ཚུལ་དུ་བསྒྲུབ་པའི་མན་ངག་ས་ཆེན་པས་མཛད་པ། དམ་ཤིང་ལ་དབང་བསྐུར་བ། རྦོད་རྦད་གསད་གསུམ་གཅིག་ཏུ་སྒྲིལ་བ་དང་སོ་སོར་སྤེལ་བ། ས་ཆེན་པས་མཛད་པ། བཀའ་ཉན་སྤུ་གྲི་ཅན་གྱི་སྒྲུབ་ཐབས་བསྙེན་སྒྲུབ་གསད་གསུམ་ལོ་རྒྱུས་ཞལ་གདམས་དང་བཅས་པའི་གསལ་བྱེད་དམ་པས་སྦྱར་བ། འདིའི་རྩ་བ་ཚིགས་བཅད་མ་གཏེར་ནས་ཕྱུང་བ། ཡང༌། མོན་པ་ལྕམ་སྲིང་གི་སྒྲུབ་ཐབས། དཀྱིལ་འཁོར་ལ་ལྟོས་པ་དང་མ་ལྟོས་པའི་ཚུལ། དཔལ་བརྩེ་བ་ཆེན་པོའི་ཞལ་གྱི་མན་ངག དམ་པས་དོན་ཏིག་གསལ་བར་བཀོད་པ། འདི་རྣམས་ཀྱི་རྒྱུད་པའི་རིམ་པ་ནི། སངས་རྒྱས་རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ། ཤྲཱདྡྷ་ཀ་ར་ཝརྨྨ། ལོ་ཙཱ་བ་ཆེན་པོ། བྲག་སྟེངས་པ། མལ་ལོ་ཙཱ། དཔལ་བརྩེ་བ་ཆེན་པོའི་ཞབས། ཡང༌། འཕགས་མཆོག་ཀླུ་སྒྲུབ། པདྨ་བཛྲ། དྷརྨྨ་པཱ་ལ། བྲག་སྟེངས་པ། འབྲོམ་ཇོ་སྲས། དཔལ་བརྩེ་བ་ཆེན་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། དམ་པ་ཀུན་དགའ་གྲགས། བླ་མ་ཀུན་བསོད་པ། དཔལ་ལྡན་སེང་གེ ཆོས་རྗེ་བླ་མ། སེང་གེ་རྒྱལ་མཚན། མཁན་ཆེན་རྒྱལ་མཆོག་པ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ས་ཆེན། རྟ་རྟས་སོ་པ། གན་པ་སྟོན་དར་ནས་རིམ་པར་རྒྱུད་པའོ། །ཡང༌། ནག་པོ་ཆེན་པོའི་མན་ངག་སྙན་ནས་སྙན་དུ་རྒྱུད་པ། རྩ་གསུམ་ལ་རྟེན་པའི་བསྙེན་བསྒྲུབ་ལས་སྦྱོར། ཆོས་རྗེ་དཔལ་ལྡན་བླ་མའི་གསུང་བཞིན་བླ་མ་སེང་གེ་རྒྱལ་མཚན་པས་