R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༣
[A:༣༣]ཀིརྟི། ཆོས་རྗེ་བློ་བཟངས། ཉ་དབོན་ཀུན་དགའ། ལུང་རིག་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། །།ཡང༌། པར་པུའི་ཆོ་གའི་ལུང་གི་བརྒྱུད་པ་ནི། གནམ་ཁའུ་པ། སློབ་དཔོན། གོ་ཚ། དམ་པ་དེ་སྐྱེས། གྲུ་རྡོར་སེང༌། བཅོམ་རལ། སྐྱི་སྟོན། ཀུན་མཁྱེན་ཆེན་པོ། ཉ་དབོན། ལུང་རིག་པ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །དེ་དག་གི་ཡིག་ཆའི་རིམ་པ་ལ། རྩེགས་ཞལ་གཉིས་མའི་ལས་ཚོགས། ཆོས་འཕྲུལ་འགྱེད་པ། ཌཱ་ཀི་མ་བཞིའི་ཐན་འགྱེད། ཡུམ་སྲིན་མོའི་དགོས་སྒྲུབ། ནོར་སྒྲུབ་ཀྱི་ཆོ་ག་བྱིན་བརླབས་ཀྱི་ཡི་གེ་དང་བཅས་པ། དཀར་སེར་ནག་དམར་བཞིའི་མངོན་རྟོགས་རྡོ་ནག་ཡིག་དམར་གྱི་མན་ངག ཡང༌། ལིངྒ་བཅའ་ཐབས། ནག་པོ་ཆེན་པོའི་དུག་གི་སྤུ་གྲིའི་ནང་ནས་བསྡུས་པ་སྲོག་གི་སྤུ་གྲིའི་མན་ངག དྲག་པོ་འཇིགས་བྱེད་ཀྱི་སྒྲུབ་ཐབས་གསང་བ་སྲོག་གི་སྤུ་གྲི། རྡོ་འབིགས་སྲོག་གི་དམར་ལེན། གདོང་བཞི་པའི་སྒྲུབ་ཐབས་གསང་བ་སྲོག་གི་མན་ངག དགྲ་མཁར་བརྩད་ནས་བཤིག་པ། བསྒྲུབ་བྱ་གནས་ནས་ཕྱུང་བ་རྣམས་ཀྱི་བརྒྱུད་པ། གཉན་ལོ། གཤོང་མའི་སྔགས་བན་གེ་རད། རྟོགས་ལྡན་མཚོ་དཀར། འདིས་དགུང་ལོ་མང་པོ་ཐུབ་པས་སྐུ་ཚེའི་བསྟོད་ལ་སྔགས་བན་དང་མཇལ། སྨད་སྤྱན་མངའ་འདི་དང་མཇལ་ཏེ། སྤྱན་མངའ་བསོད་གྲགས་པ། རིན་པོ་ཆེ་འཚལ་མིན་པ། རིན་པོ་ཆེ་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ཚིགས་བཅད་མ།
འདི་ནས་
བཟླས་པ། བསྙེན་རྟགས། འབྲུབ་ཁུང་དུ་གསད་པ། འཛེ་བཏང་བ། རབས་བཅད་པ། ཞིང་སྤེལ་བྱ་བ། རིམས་གཏང་བ། གྲོང་ཁྱེར་དཀྲུག་པ། གནད་ནས་སྐྲད་པ། དབང་དུ་བྱ་བ། སྨྱོ་བར་བྱ་བ། སྦྱིན་སྲེག་བྱ་བ། འདོད་