R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༤
[A:༣༤]དོན་སྤེལ་བ་རྣམས། འབུམ་ཕྲག་གསུམ་པ་ལས་རྒྱུད་དེ་གཉན་ལོ་ཙཱ་བས་བསྒྱུར་
འདིའི་བར་དཔེ་མ་བྱུང་བས་མེད་ཐལ
། བ། སྤོབས་པའི་ཞལ་ཤེས་ས་ཆེན་གྱི་མན་ངག བླ་མ་གཉན་ལ་དབུས་ཕྲུག་ཕུར་པ་དར་གྱིས་ཞུས་པའི་སྒྲུབ་ཡིག་གཏོར་ལྟས་དང་བཅས་པ། གཏོར་མ་དང་ཁ་སྦྱར་དབྱེ་བའི་དུས་ཀྱི་འབོད་བསྐུལ། བསྙེན་བསྒྲུབ་གསད་གསུམ་གྱི་ལས་སྒྲིགས་ཆེན་མོ། ལྟ་བའི་གདེང་འཛུགས། མ་ཉམས་པར་བསྲུང་རྒྱུའི་དམ་ཚིག མཐུན་པའི་རྫས་བརྟེན་ཚུལ། མ་ནོར་བའི་སྔགས་བཟླ་ཚུལ། འཁུ་ལྡོག་སྤང་བའི་སྙིང་ཆུ་བསྲེ་བ། ལས་མ་ཉན་ན་གནད་ལ་འབེབས་པ། མགོན་པོ་ཕ་ལྟར་སྐུར་བའི་གདམས་ངག གཉིས་པ་བྱ་ཞེས་པའི་མན་ངག སྤོས་སྦྱོར། གཏོར་མ་དང༌། འཁོར་ལོའི་རྩིབས་ལ་སྔགས་བཀོད་ཚུལ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ་དང་མཇལ་ཚུལ། ཡང་བསྙེན་བསྒྲུབ་ལས་སྦྱོར་སྔ་མ་དང་མི་གཅིག་པའི་ཆེ་བ་གཅིག ཞལ་བཞི་པའི་དངོས་གྲུབ་ཀྱི་དམ་ཚིག་སྒྲུབ་པའི་ཐབས་རཀྵི་ཏས་མཛད་པ་གཉན་གྱིས་བསྒྱུར་བ། ཡང་རྟེན་གསུམ་འཛུགས་ཐབས་དུས་གཏོར་དང་བཅས་པ། ཡང་བ་དན་ལ་རྟེན་ནས་སྤྱན་དྲངས་ཐབས། གློ་བུར་དུ་ལས་འཆོལ་བའི་གཏོར་མ་འབུལ་ཐབས། རྟེན་བཤམས་ནས་འབུལ་བའི་ཚུལ། བྱིང་རྒོད་བསལ་བ་དང་འཇམ་རྩུབ་སྐབས་དང་སྦྱོར་ཚུལ། མ་ཆུན་ན་བཅུན་པའི་ཐབས། བདག་སྐྱེད་ཡེ་ཤེས་མགོན་པོ་བཀའ་ཉན་འཇིག་རྟེན་པའི་མགོན་པོར་བྱ་བ། ལྷ་མོ་ནག་མོའི་ཞལ་གདམས། འབུམ་ཕྲག་གསུམ་པ་ལས་རྒྱུད་པའི་མགོན་པོ་གདོང་གཉན་ཅན་གྱི་སྒྲུབ་ཚུལ། གནོད་པ་བསྲུང་ཞིང་བར་ཆད་བཟློག་པའི་འཁོར་ལོ་ལིང་ཙེ་ཉི་ཤུ་བྲི་ཐབས། མགོན་པོའི་གཏོར་ཆེན་བྱ་ཚུལ། ལས་མཐར་སྦྱིན་བསྲེག་བྱ་བ། གསང་བ་བྱ་བ། ཉམས་ཆག་ཆེ་ན་གཏོར་སྐྱོངས་བྱ་བ། ཡང་ཉམས་ཆག་ཡིག་བརྒྱས་བཀང་ཚུལ། ཆོས་སྐྱོང་ལ་གཙུག་ལག་གཏོད་པའི་ཚུལ། གནས་