R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༠༤
[A:༤༠༤]བཞིན་ནོ། །ཡང༌། ༈ །ཀྱེ་རྡོར་
འདི་ཟུར་བཀར་བ་ནས་ཞུས་པ་ཡིན་ནའང༌། བརྒྱུད་པ་འདིས་ཕྲེང་བའི་བཀོལ་པ་ཡིན་ནམ་བརྟགས་དགོས་སྣང་ངོ༌
།། མཚོན་ཆ་ཅན་གྱི་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་བྷ་ཡ། དགེ་བའི་འབྱུང་གནས། རྗེས་སུ་སྦྱིན་པའི་ལྷ། མོ་ཀ་ལ་ཨུ་པ་ཐ། ལོ་ཙཱ་བ་གྲགས་རྒྱལ། རོང་པ་ཤེར་སེང༌། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ་བ། ཀུན་མཁྱེན་ཤེས་རབ་དཔལ་བཟང༌། བླ་མ་ནམ་འོད་པ། ལོ་ཆེན་ཤེས་རབ་རིན་ཆེན། དེས་བདག་གོ །ཡང༌། ཁ་སྦྱོར་རྡོར་སེམས་ཀྱི་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བདག་མེད་མ། བིར་བ་པ། ཌོཾ་བྷི་ཧེ་རུ་ཀ རྡོ་རྗེ་ཨ་ལ་ལ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ཤཱཀྱ་ཡེ་ཤེས། མངའ་རིས་པ་གསལ་རྙིང༌། འཁོན་དགེ་ཆུ་བ་དཀོན་མཆོག་འབར། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། བླ་ཆེན་འཕགས་པ། དགའ་ལྡན་པ་བཀྲ་ཤིས་དཔལ། ལོ་མཆོག དཔལ་ལྡན་སེང་གེ ཆོས་རྗེ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་སྐྱབས་མཆོག ནམ་འོད་པལོ་ཆེན་ཤེས་རབ་རིན་ཆེན། དེས་བདག་ལའོ།
Guhyasamāja ༈ །ཡང༌། གསང་འདུས་ཡེ་ཤེས་ཞབས་ལུགས། མི་སྐྱོད་པ་ལྷ་བཅུ་དགུ། དམ་ཚིག་རྡོ་རྗེ་ལྷ་བཅུ་དགུ། བདུད་རྩི་འཁྱིལ་བ་ལྷ་བཅུ་དགུ་མ་རྣམས་ལ་བསྩལ་འདོན་མཛད་ཀིན་འདུག་པས།
པ་དང༌། དེ་བས་ཀྱང་དོན་ཆེན་པོར་གྱུར་པ་ནི། ཆོས་རྗེ་བླ་མ་དམ་པ་ལས་བརྒྱུད་པར་སྣང༌
། དེ་གསུམ་གྱི་བཀའ་ཞུས་པའི་བརྒྱུད་པ་ནི། འཇམ་དབྱངས་དང་གཉིས་སུ་མེད་པའི་སློབ་དཔོན་ཨ་བ་དྷུ་ཏི་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། ཤཱནྟི་པ། ཤྲཱདྡྷ་ཀཱ་ར་ཝརྨྨ། ལོ་ཆེན་རིན་ཆེན་བཟང༌། སྐྱང་པོ་ཆོས་བློ། དགེ་བཤེས་སྐྱབས་སེ། རྡོ་རྗེ་སྲ་བརྟན། དཀོན་མཆོག་