[A:༤༠༥]འབར། དགེ་བཤེས་དབང་རིན། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། ཆོས་རྗེ་བླ་མ་དམ་པ། སྐྱབས་མཆོག་པ། ནམ་འོད་པ། ཆོས་རྗེ་པའོ། །
འདི་དག་བུ་སྟོན་གསན་ཡིག་ན་ཟུར་པ་མི་སྣང་བས། འཇམ་རྡོར་ཐོབ་པས་ཐོབ་པ་ལ་དགོངས་པ་ཡིན་ནམ། བརྒྱུད་པ་གཞན་ཡོད་བརྟག་དགོས་པར་སྣང་ངོ༌། །དབང་འདི་རྣམས། ཆོས་རྗེ་ཉིད་ཀྱིས་མཛད་པའི་འཇམ་རྡོར་གྱི་ཡིག་ཆའི་སྟེང་ནས་ཞུས་པས། ཞར་ལ། སྒྲུབ་དཀྱིལ། མཆོད་འཕྲེང༌། བསྟོད་པ་སོགས་ཀྱི་ལུང་ཡང་ཐོབ་བོ།། ༈ །ཡང༌། གསང་འདུས་ཀྱི་འགྲེལ་བ། ཐ་ག་ནས་མཛད་པའི་ལུང་གི་བརྒྱུད་པ་ནི། གོང་གི་དབང་བརྒྱུད་ཇི་བཞིན་ནོ།།
༈ །ཡང༌། འཇིག་བྱེད་སྐྱོང་ལུགས་བཅུ་བདུན་མའི་དབང་བརྒྱུད་ནི། སངས་རྒྱས། ཡེ་ཤེས་མཁའ་འགྲོ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། ཨ་མོ་གྷ་བཛྲ་ཆེ་ཆུང༌། སྐྱོ་འོད་འབྱུང༌། གཙང་པ་ཡང་དག་འབར། གཙང་པ་ཡང་དག་རྡོ་རྗེ། རྔོག་རྡོ་རྗེ་རྒྱལ་པོ། གཟོ་བ་དོན་གྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ། སློབ་དཔོན་སངས་རྒྱས་འབུམ། འགྲོ་མགོན་འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། སྐྱབས་མཆོག་པ། ནམ་འོད་པ། ཆོས་རྗེ་པ། དེས་བདག་ལའོ། །འདི་དག གསན་ཡིག་ན་བཅུ་བདུན་མ་ཐོབ་གསུང་བ་འདུག་པས། ཨ་མོ་གྷའི་ལུགས་བཅུ་བདུན་མའམ། ལྷ་མོ་བརྒྱད་སྐོར་དུ་གྲགས་པ་ཞིག་ཡོད་པ་དེ་ཉིད་ཡིན་ནམ་སྙམ་ཞུས་པ་ཡིན་ནའང༌། དེ་མིན་པར། འདི་ལ། ལྷ་བཅུ་གསུམ་གྱི་སྟེང་དུ། གྲྭ་བཞིར་ཐོད་པ་གཤིན་རྗེ་གཤེད་བཞི་སྟེ། འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། ལྷག་མ་སྤྱི་དང་འདྲ་བ་ཞིག་སྣང་ངོ༌།
root vinaya sūtra
།ཡང༌། ཆོས་རྗེ་ལོ་ཙཱ་བ་ཆེན་པོ་དེ་ལས། འདུལ་བ་མདོ་རྩ་བའི་