[A:༤༠༦]སློབ་གཉེར་དཔྱིས་ཕྱིན་པར་བགྱིས་པའི་ཞར་ལས། སྔར་མ་ཐོབ་པ་དང༌། ཐོབ་ཀྱང༌། དཔལ་ལྡན་བླ་མ་ལས་བརྒྱུད་པ་འགའ་སྐྱར་ནས་ཉན་པའི་རིམ་པ་ལ། མདོ་རྩ། ཉིད་ཀྱིས་མཛད་པའི་འགྲེལ་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཉེ་བ་འཁོར། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ ནག་པོ་ལེགས་མཐོང་རྣམས་དགྲ་བཅོམ་པ་སྟེ་བསྟན་པ་གཏད་རབས་བདུན་དུ་གྲགས་པའོ། །ཁ་ཅིག་ཉེ་བར་འཁོར་དང༌། ཀུན་དགའ་བོའི་བར་དུ། འོད་བསྲུངས་ཀྱང་འཇུག་གོ ལེགས་མཐོང་ནས། ཕྱིར་མི་འོང་བློས་མི་འབེབས། ཁ་ཆེ་ལུས་བཟང༌། དབྱིག་གཉེན། ཡོན་ཏན་འོད། ཤཱཀྱ་འོད། སེང་གེ་གདོང་ཅན། ཛི་ན་མི་ཏྲ་དང་དཱ་ན་ཤཱི་ལ་གང་རུང༌། ཅོག་རོ་ཀླུའི་རྒྱལ་མཚན། གཡོ་དགེ་འབྱུང༌། བླ་ཆེན་དགེ་བ་རབ་གསལ། ཀླུས་མེས་ཚུལ་ཁྲིམས་བྱང་ཆུབ། གཟུས་རྡོ་རྗེ་རྒྱལ་མཚན། སོག་པོ་ཚུལ་ཁྲིམས་བླ་མ། རྒྱ་བྱང་ཆུབ་ཚུལ་ཁྲིམས། རྨ་ཚོ་བྱང་ཆུབ་རྡོ་རྗེ། བྱང་བརྩོན་འགྲུས་འབར། དེའི་དབོན་པོ་རོག་ཆོས་དབང༌། ཆོས་བཟང་ན་བཟའ་འཕྲེད་གསོལ་དུ་གྲགས་པ། ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས་རིན་ཆེན་དཔལ། དཀའ་བཞི་པ་གྲགས་པ་གཞོན་ནུ། བུ་སྟོན་རིན་པོ་ཆེ། ལོ་ཆེན་བྱང་རྩེ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ། བླ་མ་ནམ་མཁའ་འོད་ཟེར། དེ་གཉིས་ཀ་ལ་གྲགས་པ་བཟང་པོ། ཆོས་རྗེ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལའོ།།
Kālacakra
mf: check exact date for transmission; who is rigs ldan seng ge?
༈ །དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ། ཆོས་རྗེ་ཐམས་ཅད་མཁྱེན་པ་དཔལ་ལྡན་བླ་མ་དམ་པ་ནས་བརྒྱུད་པའི་ཐོབ་པའི་བླ་མ་དམ་པའི་རིམ་པ་ནི། བུ་སྟོན་ཡན་སྤྱི་དང་འདྲ་བ་ལས་དེ་ནས། ཆོས་རྗེ་བླ་མ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞབས། ལོ་ཆེན་སྐྱབས་མཆོག་པ། སེམས་དཔའ་ནམ་མཁའ་འོད་ཟེར། ཆོས་