[A:༤༡༠]གཉེར་གཏད་པའི་ལེའུ། བརྟག་པ་གཉིས་པའི་ལེའུ་སྟེ་ཉེར་གསུམ་མོ། །བུ་ཆོས་ཀྱི་ཐོག་མ་རྔོག་གིས་ཡེར་པར་བྱོན་པའི་ལོ་རྒྱུས། བུ་ཆོས་གཉིས་པ་གྲོང་ཁྱེར་སེར་སྐྱར་དགེ་བའི་བཤེས་གཉེན་པ་བྲམ་ཟེའི་ཁྱིའུ་གསལ་བར་སྐུ་སྐྱེ་བ་བཞེས་པའི་རབ་སྟེ་དང་པོའོ། །དགེ་བའི་བཤེས་གཉེན་པ་ཡུལ་ཀཽ་ཤཾ་བྷིར་རྒྱལ་བུ་འཆགས་པ་མེད་པར་འཁྲུངས་པ། ཡུལ་ཡངས་པ་ཅན་དུ་རྒྱལ་བུ་དད་པ་བརྟན་པ་འཁྲུངས་པ། ཡུལ་བྷ་ག་ལར་དད་པ་རབ་ཏུ་བརྟན་པ་འཁྲུངས་པ། རྒྱ་ནག་པོའི་ཡུལ་དུ་བོན་པོའི་ཧྭ་ཤང་གནས་པར་རྒྱལ་བུ་བློ་གྲོས་འཕེལ་ཏུ་འཁྲུངས་པ། ཡུལ་ཝ་རཱ་ཎཱ་སིར་ཁྱིའུ་དགའ་འཛིན་དུ་འཁྲུངས་པ། ཡུལ་ཝཱ་རཱ་ཎཱ་སིར་དགེ་བསྙེན་བཙུན་པར་འཁྲུངས་པ། ཡུལ་སྒྲར་བཅས་སུ་ཁྱིའུ་ནོར་བུ་བཟང་པོར་འཁྲུངས་པ། ཡུལ་མ་ག་དྷར་ཁྱིའུ་ཟླ་བར་འཁྲུངས་པ། གྲོང་ཁྱེར་སྒྲ་ལྡན་དུ་ཁྱིའུ་རིན་ཆེན་སྙིང་པོ་འཁྲུངས་པ། གྲོང་ཁྱེར་སྒྲ་ལྡན་དུ་ཁྱིའུ་པད་མ་འཁྲུངས་པ། ཡུལ་ཡངས་པ་ཅན་དུ་ཁྱིའུ་འོད་ཟེར་དུ་འཁྲུངས་པ།
ཡུལ་ཡངས་པ་ཅན་དུ་ཁྱིའུ་བྱམས་པར་འཁྲུངས་པ། གྲོང་ཁྱེར་རྩྭ་མཆོག་ཏུ་རྒྱལ་བུ་སེང་གེའི་སྒྲར་འཁྲུངས་པ། འདི་གསུངས་ཙཱ་ན་ལོ་ཙཱ་བ་ཀ་བས་ཀྱང་སླེབ། གྲོང་ཁྱེར་དྷོ་མཆོག་ཏུ་རྒྱལ་བུ་བདེ་མཆོག་ཏུ་འཁྲུངས། ཆུ་བོ་ཡ་མུ་ནའི་གླིང་དུ་ལྷའི་རྒྱལ་པོར་འཁྲུངས་པ། ཀ་བས་དབུ་མཛད་པའི་མཁས་བཙུན་མང་པོ་དང༌། ཡོན་བདག་ཤཱཀ་མགོན་ལ་སོགས་པ་སྐྱེ་བོའི་ཚོགས་དུ་མ་དང་བཅས་པའི་དབུས་སུ་ལྷ་ཆོས་བདུན་ལྡན་གྱི་འཁོར་ལོ་བསྐོར་བ་ལས་འཕྲོས་ནས། ནན་ཏན་གྱི་སྒོ་ནས་ཆོས་འདི་ཉིད་བཀའ་རྒྱ་དུ་མས་བཏབ་པའི་ལེའུ་སྟེ་ཕ་ཆོས་ཀྱི་ལེའུ་གཅིག་ཡིན་ནོ། །མ་ག་དྷའི་ཡུལ་པད་མོ་ཅན་དུ་ཁྱིའུ་དགེ་འདུན་འཕེལ་དུ་འཁྲུངས་པ། འདི་ནི་རྔོག་ཆོས་ཀྱི་ཐ་མ་ཡིན་ནོ། །ཁུ་དང་དག་སྣང་འབྲེལ་བའི་ཚོམས་དང་བཅས་ནས་ཡུལ་ཝཱ་རཱ་ཎཱ་སེར་སྤྲུལ་པའི་བྱ་སྲོ་ལོ་ཀུན་དུ་རྒྱུར་འཁྲུངས་པ། ཁུ་