R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༡༡
[A:༤༡༡]ཆོས་དང་པོ། གྲོང་ཁྱེར་བདེ་ལྡན་དུ་རྒྱལ་བུ་སྐྱབས་སྦྱིན་དུ་སྐུ་སྐྱེ་བ་བཞེས་པ་སྟེ། ཁུ་ཆོས་གཉིས་པའོ། །ལྷ་རི་སྙིང་པོའི་མགུལ་ན་བླ་མ་ལ་འབུལ་མོ་ཆེ་མཛད་པ་ལས་འཕྲོས་ནས་མ་འོངས་པ་ལུང་བསྟན་པའི་ལེའུ་སྟེ། ཕ་ཆོས་ཀྱི་ལེའུ་གཅིག་ཡིན་ནོ། །ཤིང་ཕོ་རྟའི་ལོ་ལ། ལྷ་རི་སྙིང་པོར་བཞུགས་པའི་ཚེ། སྒྲོལ་མས་སྙེ་ཐང་དུ་འབྱོན་པར་བསྐུལ་ནས། མཐར་བླ་མ་དགའ་ལྡན་དུ་བྱོན་པའི་བར་གྱི་ཚུལ་རྣམས་འགུར་དུ་བཞེས་པ། འཆི་མེད་རྡོ་རྗེའི་གླུ་ཞེས་བྱ་བ་ཐ་མ་སྟེ། ཕ་ཆོས་ཀྱི་ལེའུ་གཅིག་ཡིན་ནོ། །ངོ་མཚར་བའི་གཏམ་ཐོར་བུ་བ་རྣམས་ལོ་ཙཱ་བ་ལ་སོགས་པ་རྗེའི་སྲས་དམ་པ་རྣམས་ཀྱིས་ཟུར་དུ་གླེངས་པས་ཁ་བསྐང་བའི་ལེའུ་སྟེ་ཐ་མ་ཡིན་ནོ།། mf: does the supplement contain narrations of shes rab rin chen and others??? ༈ །བཀའ་གདམས་ཐོར་བུ་བ་དང༌། དཔེ་ཆོས་རིན་དཔུངས་གཅེས་སྒོམ་པས་སྒྲིགས་པ་ཐོབ་པའི་བརྒྱུད་པ་ནི།
བཙལ་བར་བྱའོ
།།
༈ བློ་སྦྱོངས་མཚོན་ཆ་འཁོར་ལོའི་བརྒྱུད་པ་ནི། དྷརྨ་རཀྵི་ཏ། རྗེ་འབྲོམ་གཉིས། སོ་ཤར་མཆེད་གསུམ། སེ་སྤྱིལ་ཕུ་བ། ལྷ་སྤྱིལ་ཕུ་བ། ལྷ་འགྲོ་བའི་མགོན་པོ། འོད་འཛོ་བ། མཁན་པོ་དྷརྨ་སྟོན། མཁན་པོ་ཤེས་རྡོར། མཁན་པོ་སངས་རིན། རིན་པོ་ཆེ་གྲགས་ཚུལ་བ། རྒྱལ་བཟང་པ། སེང་གེ་རྒྱལ་མཚན་པ། ཆོས་རྗེ་པ། དེས་བདག་ལའོ། །རྨ་བྱ་དུག་འཇོམས་ཀྱི་བརྒྱུད་པའང་དེ་ཉིད་དོ།། ༈ །བློ་སྦྱོང་སེམས་པའི་རིམ་པའི་བརྒྱུད་པ་ནི། ལྷ་རྟིངས་པ་ཡན་ཆད་བློ་སྦྱོང་གསོལ་འདེབས་དང་འདྲ་བ་ལས། དྷརྨ་སིངྷ༌། རྒྱ་སྟོན་བྱང་རྒྱལ། མཁན་པོ་གཞོན་བྱང༌། རིན་ཆེན་འབྱུང་གནས་དཔལ་བཟང་པོ། མཁན་པོ་སངས་རིན་མན་ཆད་འདྲའོ། ༈ །རྟོག་པ་འབུར་འཛོམས་དང༌། རྣམ་དག་གཙུག་ནོར་ཡང་ཐོབ་སྟེ། བརྒྱུད་པ་འདྲའམ་བརྟག་གོ། ༈ །གནས་བརྟན་བཅུ་དྲུག་གི་ཕྱག་མཆོད་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པ་ཐོབ་པའི་བརྒྱུད་པ་ནི། ཇོ་བོ་རྗེ། དྷ་ན་