R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༡
[A:༤༢༡]གདམས་ངག་ལམ་དགུ་ཕྲུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ས་ར་ཧ། ཏཻ་ལོ་པ། ནཱ་རོ་པ། མར་པ། ཆོས་རྡོར་མན་དབྱིབས་རྣལ་འབྱོར་གསུམ་གྱི་ཁྲིད་དང་འདྲ། ཡང༌། མཻ་ཏྲི་པ་ལ། མར་པས་ཞུས། དེ་ནས་ཆོས་རྡོར་མན་གོང་བཞིན་ནོ།། ༈ །མར་པ་ནས་མཚུར་སྟོན་ལ་བརྒྱུད་པའི་ཤོག་དྲིལ་བཞི་པའི་བརྒྱུད་པ་ནི། མར་པ། མཚུར་དབང་ངེ༌། གཉགས་སྒོམ། དགོས་ཆུང༌། དགས་པོ་མདུང་རྩེ། ཉི་མ་ལུང་པ། འགར་རས། རོག་རྩེ་པ་སྒང་པ། སྙེ་མདོ་ཐམས་ཅད་མཁྱེན་པ། དེའི་སྲས་ཀུན་དགའ་དོན་གྲུབ། གཡུང་སྟོན་རྡོ་རྗེ་དཔལ། གླ་བ་བསོད་བཟང་པ། ཚུལ་མགོན། བསོད་རྒྱལ། རིན་པོ་ཆེ་བསོད་བཟང་པ། མཁན་ཆེན་སེང་གེ་དཔལ། ཆོས་རྗེ་བྱང་ཆུབ་དཔལ། རྔོག་སྟོན་བསོད་ནམས་དོན་གྲུབ། དེས་བདག་ལའོ། །ཡང་ལུགས་གཅིག་ལ། མཚུར་སྟོན། གཉགས་སྒོམ། བླ་མ་རོ་བྷི་བ། རོག་ཐམས་ཅད་མཁྱེན་པ། བླ་མ་དཔལ་ལྡན་ཆེན་པོ། རིན་པོ་ཆེ་ཀུན་དགའ་དོན་གྲུབ། བླ་མ་བདེ་ལེགས་དཔལ། རིན་པོ་ཆེ་བསོད་བཟང་པ་མན་གོང་དང་འདྲའོ།། ༈ །དཔལ་དུད་སོལ་ལྷ་མོའི་རྗེས་སུ་གནང་བ་ཐོབ་ནས། དེའི་ཆོས་སྐོར་ལ། དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཁའ་འགྲོ་མ་སུ་མ་ཏི། སྐལ་པ་བཟང་མོ། ཏཻ་ལོ་པ། ནཱ་རོ་པ། མར་པ། ཆོས་རྡོར། མདོ་སྡེ། ཀུན་དགའ། གཟི་བརྗིད། རིན་ཆེན་བཟང་པོ། རིན་ཆེན་དཔལ། དཔལ་གྱི་རྡོ་རྗེ། སློབ་དཔོན་བཟང་པོ་དཔལ། ཆོས་རྗེ་བྱང་ཆུབ་དཔལ། བླ་མ་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །ཡང༌། སློབ་དཔོན་སངས་རྒྱས་སེང་གེ དཔལ་གྱི་རྡོ་རྗེ་མན་གོང་དང་འདྲ། ༈ །ལྷ་མོའི་ལས་བྱང་རྒྱ་མཚོ་གསལ་བའི་སྒྲོན་མེ་ཞེས་བྱ་བ། སློབ་དཔོན་ཀུན་རྒྱལ་དང༌། དཔལ་གྱི་རྡོ་རྗེ་གཉིས་ཀྱིས་བསྒྲིགས་པའི་