R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༢
[A:༤༢༢]བརྒྱུད་པ་ནི། དཔལ་གྱི་རྡོ་རྗེ་ནས། སློབ་དཔོན་བཟང་པོ་དཔལ། བྱང་ཆུབ་དཔལ། བསོད་ནམས་དོན་གྲུབ། དེས་བདག་ལའོ། །ལྷ་མོའི་སྒྲུབ་ཐབས་ནཱ་རོ་པ་ནས་མཛད་པ། ལྷ་མོའི་ཞལ་གདམས། ལྟས་ངན་དབབ་པ་ལ་སོགས་པའི་ཡིག་ཆུང་ཕྲན་ཚེགས། ལས་ཚོགས་ཞེ་སྡང་རྡོ་རྗེས་མཛད་པ། རང་རང་རྩོམ་པ་པོ་ནས། བླ་མ་དོན་གྲུབ་པའི་བར། དེ་ལ་བདག་གིས་སོ།། ༈ །དེ་ལྟར་ཐོབ་ཅིང་སྒྲུབ་ཐབས་དཀྱིལ་ཆོག་རྣམས་འགྲེལ་པ་རྣམས་སུ་མ་ཚང་བ་མེད་པའི་ཕྱིར། ཞར་ལས་ཐོབ་པས་ཟུར་དུ་མི་དགོས་པ་བཞེད་པ་ཡིན་གྱི། རིན་པོ་ཆེའི་གསན་ཡིག་ནའང་ཟུར་དུ་མ་བྲིས་པས་ངེས་པ་རྙེད་ཅིང༌། མདོར་ན། རྔོག་སྐོར་མ་ཚང་བ་མེད་པར་ཐོབ་བོ། །གཞན་ཡང༌། བླ་མ་དེ་ལས། ཆོས་དྲུག་འབའ་རྭ་བ་ནས་བརྒྱུད་པ། བླ་མ་རྒྱལ་མཚན་བཟང་པོ་ཉིད་ཀྱི་ཡིག་ཆ་ཡོངས་སུ་རྫོགས་པའི་སྟེང་ནས་ཐོབ་ཅིང༌། བླ་མས་ཐུགས་སྲས་ནམ་མཁའ་བ་ལ་གསན། དེས་འབའ་རྭ་བ་ཉིད་ལ་ཐོབ་པར་འདུག ཡང༌། དེ་ཉིད་ལས། འཇམ་དཔལ་ནག་པོའི་མན་ངག་ཐོབ་ཅིང་བླ་མས། མཁན་ཆེན་སེང་གེ་དཔལ་བ་ལ་གསན་པར་སྣང་ངོ༌།། ༈ །ཡང༌། ནག་པོ་ཆེན་པོ་ཞལ་བཞི་པ་ཁྱུང་ཞལ་ཅན་གྱི་སྒྲུབ་སྐོར་དང༌། ཞལ་བཞི་པའི་རྗེས་གནང༌།
གི་ཡི་གེ
རྗེ་བཙུན་ཆེན་པོས་མཛད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། བ་ལི་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་སྡེ་བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རཏྣ་ཀཱིརྟི། རི་སུལ་རྣལ་འབྱོར་མ། གཉན་ལོ། ཁའུ་པ། དེ་གཉིས་ཀ་ལ་ས་ཆེན། རྗེ་བཙུན། ཆོས་རྗེ་ས་པཎ། བླ་ཆེན་འཕགས་པ། ཞང༌། ནམ་བྲག་པ། བླ་མ་དམ་པ། གཟུངས་ཀྱི་དཔལ་བ། དགེ་ལེགས་བཟང་པོ། ཨ་ནནྟ་མ་ཏི། རྒྱ་བཀའ་བཞི་པ་གྲགས་པ་དཔལ། རྔོག་སྟོན་བསོད་ནམས་དོན་གྲུབ། དེས་བདག་ལའོ།། ༈ །