R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༣
[A:༤༢༣]ཡང༌། སུམ་པ་ལོ་ཙཱ་བའི་བློ་སྦྱོང་ཐོབ་པའི་བརྒྱུད་པ་ནི། རྗེ་བཙུན་མ་རྡོ་རྗེ་ཕག་མོ་དང༌། སྒྲོལ་མ་གཉིས་ལས། སུམ་པ་ལོ་ཙཱ་བ། ཆོས་རྗེ་ས་པཎ། བླ་ཆེན་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། རྒྱལ་སྲས་ཐོག་མེད་པ། ས་བཟངས་པཎ་ཆེན་པ། མཆོག་ལྡན་པ། མཁན་ཆེན་ཡོན་བློ་བ། རྔོག་སྟོན་བསོད་ནམས་དོན་གྲུབ། དེས་བདག་ཐུ་བཙུན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལའོ།། ༈ །།སྤྲོ་ལུང་པའི་ཚེ་ཆོག་གི་ལུང་ཐོབ་པའི་བརྒྱུད་པ་ནི། མཁན་ཆེན་སེང་གེ་བས་གསན་ཡིག་ལས་ཤེས་པར་ནུས་སོ། །ཤུ་བྷཾ།། །། ༈ །རྔོག་སྟོན་བྱང་ཆུབ་དཔལ་བའི་དྲུང་དུ། ཚེ་དཔག་མེད་ལྷ་དགུའི་དབང་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་ཚེ་དཔག་མེད། སྙིང་པོ་ཞབས། ཛེ་ཏཱ་རི། བོདྡྷི་བྷ་དྲཿ ཏིང་ངེ་འཛིན་བཟང་པོ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། མཆིམས་བརྩོན་སེང༌། མཆིམས་ཐམས་ཅད་མཁྱེན་པ། དབང་ཕྱུག་མགོན་པོ། དབུས་པ་སངས་རྒྱས་འབུམ། བླ་མ་རྒྱལ་བ་དོན་གྲུབ། རིན་པོ་ཆེ་བཀྲ་ཤིས་དཔལ། བླ་མ་དཀོན་མཆོག་རྡོ་རྗེ། རིན་པོ་ཆེ་དོན་གྲུབ་དཔལ། ཆོས་རྗེ་བྱང་ཆུབ་དཔལ་བཟང་པོ། དེས་བདག་ལའོ།། །།
༄། །ཆོས་གྲྭ་གླིང་སྨད་རིན་པོ་ཆེ་ལ་ཆོས་ཐོབ་ཡིག རྣམ་དག་ཚུལ་ཁྲིམས་བརྟན་པའི་འཛིན་མའི་ལོར། ། མང་ཐོས་ལྗོན་པ་དུ་མའི་ནགས་ཚལ་སྟུག ། གཞན་ཕན་ཆུ་ཕྲན?ཆུ་བྲན་སྟོང་གི་འབྱུང་གནས་ཆེ། ། མཁས་གྲུབ་རི་བོ་མཆོག་གི་ཞབས་ལ་འདུད། ། གང་ཡང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་པས། དཔལ་གསང་ཕུའི་གདན་ས་