R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༤
[A:༤༢༤]མཁས་མང་སེང་གེས་བཏེག་པའི་ཆོས་རིན་པོ་ཆེའི་ཁྲིར་ཞབས་པད་བཀོད་ཅིང༌། ཟབ་དོན་དུ་མ་ཐུགས་སུ་ཆུད་པས་མན་ངག་ལ་དབང་འབྱོར་ཞིང༌། བདག་ཅག་ལ་ཡང་དབུ་ཚད་སོགས་མཚན་ཉིད་ཐེག་པའི་ཆོས་དུ་མའི་སྒོ་ནས་བཀའ་དྲིན་ཆེན་པོ་གྱུར་པ། ཆོས་ཀྱི་རྗེ། གྲྭ་སྟོན་རིག་པའི་རལ་གྲི། མཁས་གྲུབ་ཤེས་རབ་དཔལ་ལྡན་པའི་ཞལ་སྔར། བསྙེན་སྒྲུབ་རྡོ་རྗེ་གསུམ་གྱི་ལམ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་ཐོབ་ནས། དེ་དག་གི་ཆོས་ཀྱི་རྣམ་གྲངས་བླ་མ་བརྒྱུད་པའི་རིམ་པ་དང་བཅས་པ་མི་བརྗེད་ཅིང་བཀའ་དྲིན་དྲན་ལ། སླར་གཞན་ལའང་ཕན་པའི་བསམ་པས་བྲི་བར་བྱ་བ་ནི། ལམ་འདིའི་མངའ་བདག་གྲུབ་ཆེན་ཨུ་རྒྱན་པའི་རྣམ་ཐར་རིན་ཆེན་ཕྲེང་བ་ཞེས་བྱ་བ། དང་པོར་ཐོབ་པའི་བརྒྱུད་པ་ནི། གྲུབ་ཐོབ་ཟླ་བ་སེང་གེ ར་ག་བྲག་པ་ཤཱཀྱ་དྷྭ་ཛ། འབྲོམ་མདོ་བ་བཀྲ་ཤིས་དཔལ་ལྡན། བླ་མ་ནོར་བུ་བཟང་པོ། ཆོས་རྗེ་པ། དེས་བདག་ལའོ།། ༈ །བླ་མ་དེ་ལས་བརྒྱུད་པའི་ལམ་སྨིན་གྲོལ་གཉིས་ལས་དང་པོ་དུས་ཀྱི་འཁོར་ལོའི་དབང་གོང་མ་བསྐུར་བའི་ཆོ་ག་ཟླ་བ་སེང་གིས་མཛད་པའི་སྟེང་ནས་དབང་དང་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཨུ་རྒྱན་པ། ཟླ་བ་སེང་གེ ར་ག་བྲག་པ་ཤཱཀྱ་དྷྭ་ཛ། བླ་མ་བཀྲ་ཤིས་དཔལ་ལྡན་པ། བླ་མ་ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དེ་ནས་གྲོལ་ལམ་ཉམས་ཁྲིད་དུ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཨུ་རྒྱན་པ། མཁས་བཙུན་བསོད་ནམས་འོད་ཟེར། ཟླ་བ་སེང་གེ དེ་གཉིས་ཀ་ལ་ཀུན་མཁྱེན་གངས་ཁྲོད་པ། ས་བཟངས་མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། བླ་མ་ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ།། ༈ །དེ་དག་གི་ཡིག་ཆའི་རིམ་པ་ནི། བསྙེན་སྒྲུབ་རྩ་བ་རྡོ་རྗེའི་ཚིག་རྐང༌། གྲུབ་ཐོབ་ཨུ་རྒྱན་པ་རང་གིས་