R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༥
[A:༤༢༥]མཛད་པའི་ལུང་བརྒྱུད་ནི། ཨུ་རྒྱན་པ། མཁས་བཙུན་བསོད་ནམས་འོད་ཟེར། འབར་རྭ་བ་རྒྱལ་མཚན་དཔལ་བཟང་པོ། འབྲི་སྒོམ་པ་བསོད་ནམས་བཀྲ་ཤིས། བླ་མ་ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ། །བསྙེན་སྒྲུབ་ཡན་ལག་དང་པོ་གཉིས་ཀྱི་ཁྲིད་ཡིག་གཅིག་སྣང་རྡོ་རྗེ་ཟླ་བ་སེང་གེས་མཛད་པ། བསྙེན་སྒྲུབ་ཡིད་བཞིན་ནོར་བུ། བསྙེན་སྒྲུབ་ཀྱི་ས་བཅད་ཡིད་བཞིན་ནོར་བུ། བསྙེན་སྒྲུབ་ཀྱི་སོར་སྡུད་ཀྱི་ངོ་སྤྲོད། བསྙེན་སྒྲུབ་གསུམ་གྱི་ངོ་སྤྲོད་རྣམས་ཟླ་བ་སེང་གིས་མཛད་པའི་ལུང་བརྒྱུད་ནི། ཟླ་བ་སེང་གེ ར་ག་བྲག་པ་ཤཱཀྱ་དྷྭ་ཛ། འབྲོམ་མདོ་བ་བཀྲ་ཤིས་དཔལ་ལྡན། ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ།། ༈ །ཡང༌། ཟླ་བ་སེང་གེས་མཛད་པའི་གེགས་སེལ་རྒྱས་པ་གཅེས་ཕྲུག་བརྒྱ་རྩའམ། ཉམས་མྱོང་བདུད་རྩིའི་ཕྲེང་བ་ཟླ་སེང་གིས་མཛད་པ། འཁྲུལ་འཁོར་ཧ་འདོན་གྱི་ཁྲིད་གབ་པ་མངོན་ཕྱུང་ཟླ་སེང་གིས་མཛད་པ། འབེབས་ཀྱི་མན་ངག་ཇོ་མོ་ནང་གི་སྒོམ་ཆེན་ལ་གནང་བ། ཟླ་བ་སེང་གེ་ལ་གྲགས་བྱང་གི་ཞུས་ལན། རྒྱལ་བ་ཨུ་རྒྱན་པའི་ཞལ་གདམས་ཟླ་སེང་གི་ཡི་གེར་བཀོད་པ། ཐུགས་རྡོ་རྗེའི་སྐབས་ཀྱི་ཡར་བུད་པའི་གེགས་སེལ་སྙན་རྒྱུད་མ་ཆུང་བ་ཟླ་སེང་གིས་ཡི་གེར་བྲིས་པ། ཡང་བར་རླུང་གི་མན་ངག་ཟླ་བ་སེང་གེའི་དྲུང་དུ་གྲགས་བྱང་གིས་ཞུས་པའི་ལན་ཆེ་ཆུང་གཉིས། ཨུ་རྒྱན་པའི་དྲུང་དུ་རྟོག་ལྡན་རིན་བསམ་གྱིས་ཞུས་ལན་ཟླ་སེང་གིས་ཟིན་བྲིས། ཡང་རླུང་ལྟས་ཀྱིས་མན་ངག་ཅེས་པ་ཨུ་རྒྱན་པའི་དྲུང་དུ་ཟླ་སེང་དང༌། ཆག་སྟོན་རིང་མོའི་ཞུས་ལན་དང༌། ན་ར་བ་བསོད་ནམས་མགོན་པོ་དང༌། དབུ་རི་དབོན་པོའི་ཞུས་ལན་ཟླ་སེང་གིས་ཟིན་བྲིས་སུ་བཏབ་པ། ཟླ་བ་སེང་གེའི་དྲུང་དུ་སྟོན་པ་དཔལ་རྒྱལ་གྱི་ཞུས་ལན་རྣམས་ཀྱི་ལུང་བརྒྱུད་ནི་གོང་དང་འདྲ། ཟླ་བ་སེང་གེའི་གྲྭ་པ་རྟོགས་ལྡན་འཇམ་དཔལ་རྒྱལ་མཚན་གྱིས་མཛད་པའི་བསྙེན་སྒྲུབ་ཀྱི་ཆོས་སྐོར་ཚེ་