R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༢༦
[A:༤༢༦]སྒྲུབ་ལུས་སྦྱོང༌། གེགས་སེལ་དབྱུག་གཅོས་དང་བཅས་པའི་ལུང་བརྒྱུད་ནི། རྟོགས་ལྡན་འཇམ་དཔལ་རྒྱལ་མཚན། ར་ག་བྲག་པ་ཤཱཀྱ་དྷྭ་ཛ། བཀྲ་ཤིས་དཔལ་ལྡན་མན་འདྲ། གེགས་སེལ་བསྡུས་པར་གྲགས་པའི་ནང་ནས། གེགས་སེལ་ཆེ་མོའི་ལྡེ་མིག་ཞལ་གདམས། གཅེས་ཕྲུག་བརྒྱ་རྩའམ་ཉམས་མྱོང་གི་ཡི་གེ་བདུད་རྩི་ཕྲེང་བའི་ཞལ་ཤེས་དགོས་འདོད་འབྱུང་བ་ངག་དབང་གྲགས་པས་མཛད་པའི་ལུང་བརྒྱུད་ནི། རོང་པ་ངག་དབང་གྲགས་པ། འབྲི་སྒོམ་པ། ནོར་བུ་བ། ཆོས་རྗེ་བ། དེས་བདག་ལའོ། །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཞལ་གདམས། སྒྲ་གཅན་འཆིང་བ་དང་བཅས་པ་ཟླ་སེང་གི་གྲྭ་པ། སྟན་གཅིག་པས་ཤྲཱི་བསམ་གཏན་གླིང་དུ་མཛད་པའི་ལུང་བརྒྱུད་ནི། སྟན་གཅིག་པ། འབྲི་སྒོམ་པ་མན་འདྲ།། ༈ །རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་གེགས་སེལ་དང༌། མི་འགྱུར་བའི་ཐིག་ལེའི་བདེ་བ་འཕེལ་བའི་མན་ངག་ལ་སྟོད་པ་སྔགས་འཆང་པྲ་ཛྙཱའི་མིང་ཅན་གྱི་དོན་དུ་ཟླ་སེང་གིས་ཡི་གེར་བྲིས་པའི་ལུང་བརྒྱུད་ནི། ཟླ་བ་སེང་གེ ར་ག་བྲག་པ་ཤཱཀྱ་དྷྭ་ཛ། འབྲོམ་མདོ་བ་བཀྲས་དཔལ་མན་འདྲ། རྡོ་རྗེ་ཚིག་རྐང་གི་འགྲེལ་པ་ཅེས་པ་གེགས་སེལ་མདོར་བསྡུས་ཀྱི་བརྒྱུད་པའང་གོང་བཞིན། ༈ ཉམས་ཀྱི་ཡིག་ཆུང་ཅེས་པ་གྲུབ་ཐོབ་རིང་མོའི་དྲིས་ལན་ལས་སྟོད་པ་དབང་རྒྱལ་གྱི་ཡི་གེར་བཀོད་པའི་ལུང་བརྒྱུད་ནི། ལས་སྟོད་པ་དབང་རྒྱལ། དེའི་དབོན་པོ་མཁས་བཙུན་པ། འབྲི་སྒོམ་པ་མན་འདྲ། ཐུགས་རྗེ་ཆེན་པོའི་གདམས་པ་མིག་དབྱེ་བའི་མན་ངག་གི་བརྒྱུད་པ་ནི། རེ་མ་ཏི། ཨུ་རྒྱན་པ། བསོད་ནམས་འོད་ཟེར། འབར་རྭ་བ། འབྲི་སྒོམ་པ་མན་འདྲ། བཀའ་ཕྲེང་གནད་ཡིག་ཞལ་ཤེས་འབྲི་སྒོམ་པས་ཟིན་བྲིས་སུ་བྱས་པའི་ལུང་བརྒྱུད་ནི། ཨུ་རྒྱན་པ། ཟླ་སེང༌། འབྲི་སྒོམ་པ་མན་འདྲ། ཟབ་ལམ་གྱི་སྔོན་འགྲོ་ཐུན་མོང་བ་ཨུ་རྒྱན་པ་རང་གིས་མཛད་པ་དང༌། བླ་མ་གྲུབ་