R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༠
[A:༤༣༠]སེམས་དབབ་པ། བཟུང་བ། དྲངས་བ། འགྲེམས་པ་སོགས་དང༌། རིག་མ་དགུག་པའི་མན་ངག་རྣམས་ཟླ་སེང་གིས་ཟིན་བྲིས། གསང་བའི་སྙོམས་འཇུག དངུལ་ཆུའི་བཅུད་ལེན་སྡེ་གཅིག དཔའ་བོ་འབྲུ་ལྔའི་མན་ངག་ལས་ཚོགས་དང་བཅས་པ། ཡང་དངུལ་ཆུའི་སྦྱོར་བ་སྨུ་ཆུ་གསོ་བའི་མན་ངག་ཟླ་སེང་གི་ཟིན་བྲིས་རྣམས་ཀྱི་བརྒྱུད་པ་ནི། ཟླ་སེང༌། ར་ག་བྲག་པ། འབྲོམ་མདོ་བ་བཀྲས་དཔལ། ནོར་བུ་བ་མན་འདྲ། ༈ །མཁའ་འགྲོ་བཞིའི་གདམས་པ་ལས་རིན་ཆེན་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། པད་མ་མཁའ་འགྲོ་རྣམས་ཀྱིས་གདམས་པ་ཟླ་སེང་གིས་གསལ་བར་བྱས་པའི་བརྒྱུད་པ་ནི། མཁའ་འགྲོ་མ་གསུམ་པོ་སོ་སོ་ནས་ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། འབྲོམ་མདོ་བ་བཀྲས་དཔལ་བ། ནོར་བུ་བ་མན་འདྲ། ཡང༌། མཁའ་འགྲོ་མ་བཞིའི་གདམས་པའི་ཡ་གྱལ་སྣ་ཚོགས་མཁའ་འགྲོའི་གདམས་པ་ཨ་མ་འགྲོ་བ་བཟང་མོས་ཡི་གེ་བྱས་པ་དང༌། དེའི་སྟེང་ནས་ཟླ་སེང་གིས་ཅུང་ཟད་གསལ་བར་བྲིས་པ་ཁམས་དམར་ཆ་ལམ་དུ་ཐོངས་པ་དང༌། སྒྲ་གཅན་ལས་སུ་རུང་བར་བྱེད་པ་གཉིས་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་བ། ནོར་བུ་བ་མན་འདྲ།། ༈
དཔེ་མེད།
།།ཐུགས་རྡོ་རྗེའི་མན་ངག་འཆི་མེད་རྩ་སྦྱོང་བདུན་པ་ཆེ་ཆུང་གཉིས་ཟླ་སེང་གི་ཟིན་བྲིས་བྱས་པ་འགྲེམས་ཀྱི་འཁྲུལ་འཁོར་དང་བཅས་པའི་བརྒྱུད་པ་ནི། ཟླ་སེང༌། ར་ག་བྲག་པ། འབྲོམ་མདོ་བ་བཀྲ་ཤིས་དཔལ་མན་འདྲ། ༈ །བར་རླུང་གི་
དཔེ་མེད
། མན་ངག་གསང་བ་ཡེ་ཤེས་ཀྱི་རླུང་གི་ཞལ་གདམས་བྷུད་ཏྲ་བ་རྡོ་རྗེ་མགོན་པོས་ཡི་གེར་བྱས་པའི་བརྒྱུད་པ་ནི། བྷུད་ཏྲ་བ་རྡོ་རྗེ་མགོན་པོ། བླ་མ་འབྲི་སྒོམ་པ་མན་འདྲ། ༈ །རོ་བཅུད་ཆེན་
དཔེ་མེད
། མོ་དངུལ་ཆུའི་གདམས་པ་འབའ་རྭ་བ་རྒྱལ་མཚན་དཔལ་གྱིས་མཛད་པའི་བརྒྱུད་པ་ནི། འབའ་རྭ་བ། འབྲི་སྒོམ་པ་མན་འདྲ། ༈ །དངུལ་ཆུ་