R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༡
[A:༤༣༡]ཚ་
དཔེ་མེད
། བ་གསུམ་དང་སྦྱར་ནས་ཟ་ཐབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་ཕག་མོ། ཨུ་རྒྱན་པ། མཁས་བཙུན་བསོད་ནམས་འོད་ཟེར། འབའ་རྭ་བ། འབྲི་སྒོམ་པ་མན་འདྲ། ཐིག་ལེའི་གེགས་སེལ་ཟླ་སེང་གིས་བྱས་པའི་བརྒྱུད་པའང༌། ཟླ་སེང༌། ར་ག་བྲག་པ། བཀྲ་ཤིས་དཔལ་བ་མན་འདྲ། ཐུན་མོང་མ་ཡིན་པའི་ལམ་མཆོག་ཁྱད་འཕགས་འབྲི་སྒོམ་པས་ཟིན་བྲིས་སུ་བཏབ་པའི་ལུང་བརྒྱུད་ནི། འབྲི་སྒོམ་པ། ནོར་བུ་བ། ཆོས་རྗེ་བ། དེས་བདག་ལའོ། །ཡང་རང་ལུས་ཐབས་ལྡན་གྱི་མན་ངག་ལེགས་པ་དཔལ་བཟང་གིས་མཛད་པ། གཞན་ལུས་ཤེས་རབ་མ་ལ་བརྟེན་ནས་བོགས་དབྱུང་བར་བྱེད་པའི་གདམས་པ་ཡང་གསང་ཐུགས་ཀྱི་སྒྲོན་མ་ཞེས་པ་ལེགས་པ་དཔལ་བཟང་གིས་མཛད་པ། ཐུགས་རྡོ་རྗེའི་ཡན་ལག་བདེ་དྲོད་ཀྱི་རྣལ་འབྱོར་བསྒོམ་པའི་མན་ངག་ལེགས་པ་དཔལ་བཟང་གིས་ཡི་གེར་བྲིས་པ་རྣམས་ཀྱི་བརྒྱུད་པ་ནི། ལེགས་པ་དཔལ་བཟང༌། འབྲི་སྒོམ་པ་མན་འདྲ། ཤོག་དྲིལ་གསུམ་གྱི་ཞལ་ཤེས་འཕགས་པ་པུཎྱ་ཤྲཱིའི་གསུང༌། བུདྡྷ་ཤྲཱི་བྷ་དྲ་ལས་བརྒྱུད་པ་འབྲི་སྒོམ་པ་རིན་པོ་ཆེ་བསོད་བཀྲས་པས་ཟིན་བྲིས་སུ་བྱས་པའི་བརྒྱུད་པ་ནི། འབྲི་སྒོམ་པ་མན་འདྲ། ཀོ་བྲག་པའི་གེགས་སེལ་ཧའི་དམིགས་འབུམ་ཞལ་གདམས་དང༌། ཧ་དམིགས་རྡོ་རྗེའི་ཚིག་རྐང་གི་གསལ་བྱེད་ཧ་དམིགས་རྒྱ་མཚོ་གཉིས་ཀྱི་ལུང་བརྒྱུད་ནི། བདག་མེད་ལ། ཀོ་བྲག་པ། རྩིབས་རི་བ་མི་བསྐྱོད་རྡོ་རྗེ། འདིའི་བར་ན་གཅིག་ཡོད་པ་འདྲ་གསུང༌། འབྲོམ་མདོ་བ་བཀྲ་ཤིས་དཔལ་ལྡན་པ། ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ། །བསྙེན་སྒྲུབ་ཀྱི་སྨན་སྦྱོར་གྱི་ཆ་ལག་སྐོར་ལ། ཨུ་རྒྱན་པའི་ཕྱག་བཞེས་སྨན་སྦྱོར་གྱི་ཆིངས། དངུལ་ཆུ་སྦྱོར་བའི་ཕྱག་ལེན་མན་ངག་གླེགས་བམ་དུ་གནས་པའི་ནང་ནས། དུག་བཅོས་བདུད་རྩི་དྲུག་ལ་བརྟེན་པ་དྲང་སྲོང་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་སྦྱར་