R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༣
[A:༤༣༣]མགོན་པོ། འབྲི་སྒོམ་པ་མན་འདྲ། ཡང༌། དངུལ་ཆུའི་སྦྱོར་ཐབས་ནད་འཇོམས་བདུད་རྩི་རྣམ་རྒྱལ་གྱི་བརྒྱུད་པ་ནི། ཤ་བ་རི་པ། ཨུ་རྒྱན་པ། ཟླ་སེང༌། རྡོ་རྗེ་མགོན་པོ། འབྲི་སྒོམ་པ་མན་འདྲ། ༈ །དངུལ་ཆུ་རིལ་བུའི་སྦྱར་ཐབས་དངུལ་ཆུའི་དུག་དབྱུང་བ་དང་བཅས་པའི་བརྒྱུད་པ་ནི། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནཱ་ལནྡྲ་པ་གཅིག ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བསོད་དབང་བ། ཤཱཀྱ་སེང་གེ རཏྣ་སིངྷ༌། ར་ག་བྲག་པ། བཀྲས་དཔལ་བ་མན་འདྲ། ༈ །ཡང་དངུལ་ཆུ་སྦྱར་ཐབས་སྔགས་དང་བཅས་པ། དུག་བརྟག་ཐབས། འདྲེད་ཀྱི་སྨན་སོགས། དུག་བསྲུངས་ཐབས། བཙན་དུག་སྔགས་ཀྱིས་བསྲུང་ཐབས་རྣམས་ཀྱི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་བ་མན་འདྲ། ༈ །དུག་ནད་སྔགས་ཀྱིས་གསོ་བར་བྱེད་པ་གསེར་གཟུགས་སུ་གྲགས་པའི་བརྒྱུད་པ་ནི། སངས་རྒྱས་སྨན་བླ། རྒྱལ་པོ་སི་ན། ཨུ་རྒྱན་གྱི་རྣལ་འབྱོར་འཆི་མེད་རྡོ་རྗེ། ཁ་ཆེའི་པཎྜི་ཏ་རྒྱ་མཚོ་འོད། པུ་རངས་ཀྱི་ཙད་པོ་ཀོང་ཚལ། ཙད་པོ་རྩ། དེས་གཅུང་པོའི་དགེ་འདུན་དཔེའི་དབོན་པོ་ཨ་ཁུ་བསྟན་ཆུང་ལ་གནང༌། དེས་རྒྱ་ཆུ་མིག་པ་ལ། དེས་སྨན་པ་ཚུལ་དར་ལ། དེས་སྨན་པ་ཆོས་སྡེ། དེས་སྦར་སྟོན་དོན་ཞགས། དེས་ཚས་མཐའི་དགེ་བཤེས་བརྩོན་རྒྱལ་ལ། དེས་དཀོན་སྟོན་རྟ་ཁྲ་ལ། དེས་གཉེར་སྟོན་དབང་རྒྱལ་ལ། དེས་ར་ག་བྲག་པ་ལ། དེས་བཀྲས་དཔལ་བ་མན་འདྲ། ༈ །ཡང༌། གསེར་གཟུགས་གཏེར་མའི་བརྒྱུད་པ་ནི། སྦར་སྟོན་དོན་ཞགས། ལྷ་བཙུན་སྔོན་མོ། བྱ་བྲལ་འཁྲུལ་ཞིག་ཆེན་པོ། བླ་མ་འབྲི་སྒོམ་པ་མན་འདྲ། ༈ །ཡང༌། ལོ་རས་ནས་བརྒྱུད་པའི་དུག་སྔགས་ཡིག་འབྲུ་དྲུག་ཅུ་རྩ་བདུན་པའི་བརྒྱུད་པ་ནི། མོན་གྱི་རྒྱལ་པོ། ལོ་རས་བཟང་རིལ་གྱི་ཞང་རིན་པོ་ཆེ། འདིའི་བར་གྱི་བརྒྱུད་པ་བཙལ་དགོས་རྒྱུ་ཡིན། བཟང་ཡུལ་མོན་པ་མདོང་གི་རྣལ་འབྱོར་པ། དེས་འཚལ་རིན་པོ་ཆེ་གྲགས། དེས་ནོར་བུ་བདེ་མན་འདྲ། ༈ །བདེ་ཆེན་དྲི་བྲལ་རིགས་ལྔའི་བཅུད་ལེན་ཕྱི་ནང་