R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༢
[A:༤༣༢]བའི་བརྒྱུད་པ་ནི། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ་ཤཱཀྱ་དྷྭ་ཛ། འབྲོམ་མདོ་བ་བཀྲ་ཤིས་དཔལ་ལྡན་པ། ནོར་བུ་བ། ཆོས་རྗེ་པ། དེས་བདག་ལའོ། །ཡང༌། དུག་སྨན་དངུལ་ཆུའི་སྦྱོར་བ་སྡེ་གཅིག སྦྱར་དུག་ལུས་ལ་ཡོད་པའི་ཉམས་རྟགས་བརྟག་ཐབས་གཉིས་ཀྱི་བརྒྱུད་པའང་གོང་བཞིན། ཡང༌། དུག་གི་ཕྱག་ཚང་བྱེད་མི་སོགས་བརྟག་ཐབས་གཅིག་གི་བརྒྱུད་པའང་གོང་བཞིན། ཡང༌། དངུལ་ཆུའི་སྦྱོར་ཐབས་ཚུར་དར་གྱིས་མཛད་པའི་བརྒྱུད་པ་ནི། ཨུ་རྒྱན་པ། ཚུལ་དར། འབྲི་སྒོམ་པ་མན་འདྲ། ༈ །ཡང༌། དངུལ་ཆུའི་སྦྱོར་སྡེ་ལུགས་གཉིས། ཡང༌། གདམས་པ་ཟབ་མོ་དུག་སྨན་སྡེ་གཅིག དུག་བརྟག་སྨིན་གྱི་བརྟག་ཐབས་འདྲེད་ཀྱི་གདམས་པ་ཟབ་པ། ཡང༌། འདྲེད་ཀྱི་སྨན་སོགས་དུག་སྨན་གྱི་སྦྱོར་ཐབས་དུག་སྔགས་དང་བཅས་པ་རྣམས་ཀྱི་བརྒྱུད་པའང་ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་བ་མན་འདྲ། ༈ །ཡང༌། དཔལ་ཤ་བ་རའི་བཅུད་ལེན་སྐོར་གསུམ་ལས་སྔགས་ཀྱི་བཅུད་ལེན་སྐོར་གྱི་བརྒྱུད་པ་ནི། དཔལ་ཤ་བ་རི་པ། རིག་པའི་བློ་གྲོས། པཎྜི་ཏ་ཨཱརྻ། སཾ་ག་ཡེ། པཎྜི་ཏ་ཛྙཱ་ན་རྡོ་རྗེ། ཨུ་རྒྱན་པ། ཟླ་སེང༌། རྟོགས་ལྡན་འཇམ་དཔལ་རྒྱལ་མཚན། ར་ག་བྲག་པ། འབྲོམ་མདོ་བ་མན་འདྲ། གཞང་ལུག་པ་འཛུད་པ། དུག་དཔྱད་བདུད་རྩི་དྲི་མེད། སྦྱོར་བ་སྡེ་གཅིག་རྣམས་ཀྱི་བརྒྱུད་པའང༌། ཨུ་རྒྱན་པ། ཟླ་སེང༌། ར་ག་བྲག་པ། བཀྲས་དཔལ་མན་འདྲ། ༈ །ཨུ་རྒྱན་པའི་ཕྱག་བཞེས་དངུལ་ཆུའི་རིལ་བུ་སྦྱར་ཐབས་རྡོ་རྗེ་མགོན་པོ་ལ་གནང་བ་དང༌། དུག་སྨན་འཆི་མེད་བདུད་རྩི་རྣམས་ཀྱི་བརྒྱུད་པ་ནི། མཁའ་འགྲོ་མ་ཉི་མའི་འོད་ཟེར། ཨུ་རྒྱན་པ། ཟླ་སེང༌། རྡོ་རྗེ་