R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༤༣༧
[A:༤༣༧]ཆོག་རིན་པོ་ཆེའི་དྲྭ་བ། ཤིན་ཏུ་སྤྲོས་མེད་ཀྱི་དབང་ཆོག་པད་མའི་དྲྭ་བ། རབ་ཏུ་སྤྲོས་མེད་ཀྱི་དབང་ཆོག་འོད་ཀྱི་དྲྭ་བ། དེའི་ཆ་ལགས་དུ་མཎྜལ་འབུལ་ཆོག་ཡིད་བཞིན་དྲྭ་བ།
འདི་ཁ་བྱང་ལ་མེད
། དམ་ཚིག་གི་རིམ་པ་རྣམ་གྲོལ་རྒྱ་མཚོ། ཚོགས་མཆོད་ཀྱི་རིམ་པ་ཡིད་བཞིན་རྒྱ་མཚོ། བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོ་སྟེ་རྒྱ་མཚོ་སྐོར་གསུམ། སྔོན་འགྲོ་སེམས་སྦྱང་བདུན་གྱི་དོན་ཁྲིད། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད། ཁྲེགས་ཆོད་ཡེ་བབས་སོར་བཞག་གི་དོན་ཁྲིད་དེ་དོན་ཁྲིད་སྐོར་གསུམ། ཁྲེགས་ཆོད་ཀྱི་རྒྱབ་ཡིག་ནམ་མཁའ་དྲི་མེད། ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར། བཏགས་གྲོལ་གྱི་རྒྱབ་ཡིག་ཡིད་བཞིན་ལྷུན་གྲུབ་ཏེ་རྒྱབ་ཡིག་སྐོར་གསུམ། བདེ་སྟོང་བདུད་རྩིའི་སྤྲིན་ཕུང་རླུང་སྦྱོར་ཡེ་ཤེས་སྤྲིན་ཕུང་རྟོག་མེད་ནམ་མཁའ་སྤྲིན་ཕུང་སྟེ་སྤྲིན་ཕུང་སྐོར་གསུམ། གཞི་སྣང་ཡེ་ཤེས་སྒྲོན་མ། དཔེ་དོན་གསལ་བྱེད་སྒྲོན་མ། ཉམས་ལེན་གནད་ཀྱི་སྒྲོན་མ་སྟེ་སྒྲོན་མ་སྐོར་གསུམ་གནད་གསུམ་ཆོས་ཉིད་འཁོར་ལོ། ཉིན་མཚན་འོད་གསལ་འཁོར་ལོ། ཡང་ཟབ་ཡེ་ཤེས་འཁོར་ལོ་སྟེ་འཁོར་ལོ་སྐོར་གསུམ། བདུད་རྩི་ལྗོན་ཤིང་སྒྲོན་མ་གསལ་བྱེད། ཡེ་ཤེས་དྲི་མེད་དེ་གེགས་སེལ་སྐོར་གསུམ། བླ་མ་ཡིད་བཞིན་ནོར་བུ། ཡི་དམ་ཡིད་བཞིན་ནོར་བུ། མཁའ་འགྲོ་ཡིད་བཞིན་ནོར་བུ་སྟེ་ནོར་བུ་སྐོར་གསུམ། འཆི་ལྟས་དྲན་པའི་མེ་ལོང༌། འཆི་བླུ་དྲན་པའི་མེ་ལོང༌། འདིར་མེ་ལོང་སྐོར་གསུམ་ཟེར་ཡང་གཉིས་ལས་མ་བྱུང༌། ཡེ་ཤེས་རང་སྣང༌། འོད་གསལ་རང་སྣང༌། ངེས་དོན་རང་སྣང་སྟེ་སྙན་བརྒྱུད་བསྐོར་གསུམ། སྔགས་ཀྱི་བདག་མོའི། རཱ་ཧཱུ་ལའི། རྡོ་རྗེ་ལེགས་པའི་སྟེ་སྒྲུབ་ཐབས་སྙིང་གི་དུམ་བུ་སྐོར་གསུམ་མོ། ། འདི་རྣམས་ནི་རྫོགས་ཆེན་ཚུལ་བློས་མཛད་པ་འབའ་ཞིག་སྟེ། ཐོ་ཡིག་མ་མེད་པ་དེས་མཛད་པའི་བཀའ་རྫོགས་པ་ཆེན་པོའི་བཀའ་བསྲུངས་གཏེར་