R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༠
[A:༥༠]རྗེ། དེས་བདག་ལའོ། །ཡང༌། པཎ་ཆེན་གྱི་ཐུགས་དམ། བདེ་མཆོག་དཀར་པོས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱེད་པའི་བཀའ་ལུང་གི་བརྒྱུད་པ་ནི། ལཱུ་ཧི་པ། དཱ་རི་ཀ་པ། མཻ་ཏྲི་པ། ན་ཡ་ཀ་པ། གནྡྷ་པ། ཁ་ཆེ་ཤཱཀྱ་ཤྲཱི། དཔྱལ་ཆོས་ཀྱི་བཟང་པོ། དཔྱལ་པད་མོ་ཅན། རིག་པའི་རལ་གྲི། བྱང་ཆེན་པ། བླ་མ་གཞོན་ཚུལ་བ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། དཔྱལ་ཆོས་ཀྱི་བཟང་པོ་ལ། རོང་པ་རྒ་ལོ། རོང་པ་ཤེར་སེང༌། བླ་མ་གཞོན་ཚུལ་བ། བླ་མ་ཚུལ་རྒྱལ། བྱ་བྲལ་བ་བསོད་རིན། སློབ་དཔོན་ཆོས་གྲགས། མཁན་ཆེན་རིན་རྒྱལ་བ། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ཀྱི། རྣལ་འབྱོར་མ་ལྷ་སོ་བདུན། ལྷ་བཅུ་གསུམ། ལྷ་ལྔ་མ་རྣམས་ཀྱི་སྒྲུབ་ཐབས་ཐུན་མོང་བ་འགྲོ་མགོན་འཕགས་པས་མཛད་པའི་སྟེང་ནས་དབང་དང་ལུང་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། ཨ་བྷྱ་ཀ་ར། ས་དྷུ་པུ་ཊ། ཤྲཱི་དྷ་ར། ས་མནྟ་ཤྲི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ རྭ་འབུམ་སེང༌། ཁམས་པ་ཤཱཀྱ་རྡོ་རྗེ། སློབ་དཔོན་སངས་རྒྱས་འབུམ། ཆོས་རྗེ་འཕགས་པ། ལོ་ཙཱ་བ་མཆོག་ལྡན། བློ་ཆེན་སངས་རྒྱས་འབུམ། བདེ་བ་ཅན་པ་ཡེ་ཤེས་མགོན། བདེ་བ་ཅན་པ་སེང་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་གི་བརྒྱུད་པ་ནི། བཛྲ་དྷ་ར།
རྡོ་རྗེ་འཆང༌
། བཛྲ་ཝ་རཱ་ཧི།
རྡོ་རྗེ་ཕག་མོ
། ཨིནྟྲ་བྷུ་ཏི།
ས་འཛིན
། ལཀྵྨི་ཀ་ར།
དཔལ་མཛད་མ
། བི་རཱུ་པཱཀྵ།
བིརྺ་པ
། ཌོཾ་བྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། གརྦྷ་རི་པ།
སྙིང་པོ་ཞག
གངྒཱ་དྷ་ར།
གངྒཱ་འཛིནཱྀ།
པུ་ར་ཏ་བཛྲ།
རབ་དགའ་རྡོ་རྗེ
། ཤྲཱི་དྷ་ར།
དཔལ་འཛིན
། ཛྙཱ་