R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༥༡
[A:༥༡]ན་བཛྲ།
ཡེ་ཤེས་རྡོ་རྗེ
། ཧེ་རུ་ཀ་བཛྲ། ས་ཧ་ཛ་ནནྡ་བཛྲ།
ལྷན་ཅིག་སྐྱེས་དགའི་རྡོ་རྗེ
། དྷརྨེ་ཤྭ་ར།
ཆོས་ཀྱི་དབང་ཕྱུག
མཱ་ར་ཀཎྜེ་དེ་ཝ།
བདུད་འདུལ་ལྷ
། མ་ཧེནྡྷ་ར།
ས་འཛིན
། བིརྻ་ཤྲཱི་མི་ཏྲ།
བརྩོན་འགྲུས་དཔལ་བཤེས་གཉེན
། དྷརྨྨ་ཀིརྟི་དྷྭ་ཚ།
ཆོས་གྲགས་རྒྱལ་མཚན
། རཏྣ་ཀིརྟི།
རིན་ཆེན་གྲགས་པ
། ཤྲཱི་བ་ན་རཏྣ།
དཔལ་ནགས་ཀྱི་རིན་ཆེན
། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་བརླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ལོ་ཀི་ཤྭ་ར། ཤ་བ་རི་པ། མཻ་ཏྲི་པ། རྒྱ་གར་ཕྱག་ན། ཀ་མ་ལ་བཛྲ། ཛ་ཡ་སེ་ན། ཁང་སར་ལོ་ཙཱ། རྗེ་བཙུན་པ། ཆོས་རྗེ་པ། འུ་ཡུག་པ། ཞང་མདོ་སྡེ་དཔལ། ལོ་མཆོག བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ལོ་མཆོག་ལ་བསོད་ནམས་སེང་གེ ཕ་དྲུག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ལོ་མཆོག བག་སྟོན། ཐོག་སྟོན། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ནཱ་རོ་མཁའ་སྤྱོད་མའི་བྱིན་བརླབས་ཀྱི་ཆོ་ག སྦྱིན་སྲེག སྒྲུབ་ཐབས་རྒྱས་བསྡུས། ཚོགས་འཁོར་ལག་ལེན་རྣམས་འགྲོ་མགོན་འཕགས་པས་མཛད་པའི་སྟེང་ནས། བཀའ་དང་ལུང་ཞུས་པའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་དྲིལ་བུ་པ། རུས་སྦལ་ཞབས། ཛ་ལནྡྷ་ར། སྤྱོད་པ་བ། གུ་ཧྱ་པ། རྣམ་རྒྱལ་ཞབས། ཏི་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་ཤེས་རབ་རྩེགས། མལ་ལོ་ཙཱ་བ། ས་ཆེན་པ། སློབ་དཔོན་པ། རྗེ་བཙུན་པ། ཆོས་རྗེ་པ། འུ་ཡུག་པ། ཞང་མདོ་སྡེ་དཔལ། ལོ་མཆོག བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ལོ་མཆོག་ལ། བླ་མ་