R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༦༠
[A:༦༠]ཐོག་འགེལ། འཁྲུལ་པ་ཤན་འབྱེད། འདའ་ཁ་འཆི་བྲོད། བར་དོ་འོད་གསལ། སྐུ་གསུམ་རང་ཆས་རྣམས་ཏེ། ཡུམ་སྐོར་འདི་རྣམས་ཞུ་རྒྱུའོ།། ༈ །།གསང་འདུས་ཀྱི་བསྐོར།། ཡང༌། འདོད་ཆགས་ཆེན་པོའི་ཐབས་རྒྱུད། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ། འཕགས་ལུགས་ལྷ་སོ་གཉིས་ཀྱི་དབང༌། བླ་མ་འཕགས་པའི་དཀྱིལ་ཆོག་གི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། ཏི་ལོ་པ། ནཱ་རོ་པ། མར་པ། ཚུར་སྟོན་དབང་ངེ༌། འཁོན་གད་པ་ཀཱིརྟི། འགར་སྟོན། གཉན་རྩེ་བ། གོ་ལུང་པ་ཡེ་རྒྱལ། རོང་སྟོན་མཁན་པོ། ཕུག་རི་པ་བྱང་ཆུབ་གཟུངས། ཤོངས་བློ་བརྟན། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ལོ་མཆོག བླ་མ་བག་སྟོན། རྗེ་ཐོག་སྟོན་ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བརྒྱུད་པ་ལུགས་གཅིག་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཨིནྟྲ་བྷུ་ཏི། ཀླུའི་རྣལ་འབྱོར་མ། བི་སུ་ཀལྤ། ས་ར་ཧ། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། ས་འདྲེས་པ། དཔལ་སྦས། བིརྻ་བྷ་ཏྲ། འགོས་ལོ་ཙཱ་བ། དབུས་པ་དགེ་སེར། ཁའུ་པ་སྐུ་མཆེད། ས་ཆེན་པ། རྗེ་བཙུན་པ། ཆོས་རྗེ་ས་པཎ། འཕགས་པ། ཤོངས་ལོ། མཆོག་ལྡན། མཁན་ཆེན་ཤེར་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། གསང་འདུས་མི་བསྐྱོད་རྡོ་རྗེའི་བརྒྱུད་སྲོལ་གཅིག་ལ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཨཱརྻ་དེ་བ། ཤཱཀྱ་བཤེས་གཉེན། ཟླ་བ་གྲགས། རོལ་པའི་རྡོ་རྗེ། སྐལ་ལྡན་གྲགས་པ། འོད་འབྱུང༌། འོད་མཛད། ཆོས་འབྱུང་ཞི་བ། བི་ཥྱཱ་ཏ་དེ་ཝ།
རྣམ་བཤད་བྷ་ཞེས་སྒྱུར་སྣང༌
། པཎ་ཆེན་