[A:༥༩]བ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུ་དང༌། ལུས་ལ་གཙོ་བོར་རྟེན་པའི་མན་ངག་རྟེན་འབྲེལ་ཐབས་ཀྱི་ཡན་ལག་གིས་ལམ་དུ་སློངས་པ་ཤིང་རྟའི་འཁྲུལ་འཁོར་ལྟ་བུ་སོགས་རྡོ་རྗེ་སྦས་པའི་གསང་ལམ་གྱི་དོན་འགྲེལ། དེའི་བསྡུས་དོན་དང་བཅས་པ་རླུང་ཡི་གེ་རིས་ཀྱི་རང་བཞིན་གྱི་རྩ་སྦྱང་པ། འཐུག་འཕྲད་ཐོག་འགེལ་གྱི་མན་ངག་གིས་བྱེད་དགུ་ཆོས་སུ་བཏང་བ། ཁམས་དྭངས་སྙིགས་གཉིས་ཀྱིས་དག་མ་དག་ཤན་འབྱེད་པ། འདའ་ཁ་འཆི་བྲོད་ཀྱི་མན་ངག་གིས་རླུང་རིག་གནད་དུ་བསྣུན་པ། བར་དོ་འོད་གསལ་གྱི་མན་ངག་གིས། རླུང་རིག་ཡ་བྲལ་བ། སྐུ་གསུམ་རང་ཆས་ཀྱི་མན་ངག་གིས། འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་བྱེད་པ། རལ་ཅིག་མའི་གདམས་སྐོར་དོན་ཚན་དུ་བསྡུས་པ། འདིའི་བཀའ་བསྲུངས་ཀཱ་ལ་དང༌། བི་ཀཱ་ལ་ཞེས་བྱ་བ་གནོད་སྦྱིན་དམར་ནག་གི་རྗེས་གནང་དང་བསྒྲུབ་སྐོར་ཚང་མ་ཐོབ་བོ། །དེ་ལྟར་ཆོས་ཚན་འདིའི་དབང་རྒྱུད། འགྲེལ་པ། མན་ངག་དང་བཅས་པའི་བརྒྱུད་པའི་རིམ་པ་ནི། རྗེ་བཙུན་སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། ཏི་ལོ་ཤེས་རབ་བཟང་པོ། རྒྱལ་སྲས་རོལ་པའི་རྡོ་རྗེ། པཎ་ཆེན་མི་ཏྲ་ཛོ་ཀི སྒྲ་བསྒྱུར་བྱམས་པ་ལོ་ཙཱ། མཁན་ཆེན་བསོད་དབང༌། མཁན་ཆེན་བསོད་ནམས་སེང་གེ ཡང་རྩེ་བ་རིན་ཆེན་སེང་གེ བུ་སྟོན་ཆོས་རྗེ། རིན་པོ་ཆེ་གྲགས་པ་ཚུལ་ཁྲིམས། མཐུ་སྟོབས་ཐབས་ཀྱི་བློ་གྲོས། བཟད་པ་རིན་རྒྱལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བཀའ་བསྲུངས་གཉིས་ཀྱི་བསྐོར་ལ། བསྙེན་སྒྲུབ། ལས་སྦྱོར། ཆོམས་རྐུན་བཅིང༌། དགྲ་གསད། གཏོང་བ་བཙལ། གཏེར་འདོན། ཚེ་བརྟག གསང་བ་ལྷ་མིན་གྱི་སྒྲུབ་ཐབས་རྣམས་སོ། །རལ་གཅིག་ཡུམ་གྱི་བསྐོར་ལ། ཡུམ་གྱི་སྒྲུབ་ཐབས། ཕྱག་མཚན་བཞིའི་སྒྲུབ་ཐབས། ལས་ཚོགས། འཐུག་འཕྲད་