R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A):
[A:༢]བ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཞང་ལ་སློབ་དཔོན་ཀུན་དཔལ། ལོ་མཆོག བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་བསོད་རྒྱལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བླ་མ་དཔལ་ལྡན་པ་ལ་མཁན་ཆེན་ཤེར་རྡོར་བ། དེས་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་བྲག་ཕུག་པ། མཁན་ཆེན་ཤེ་རྡོར་བ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ༈ །བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། དེའི་མངོན་རྟོགས་འཕགས་པས་མཛད་པ་ཐོབ་པའི་བརྒྱུད་པ་ནི། ཆོས་རྗེ་ས་པཎ་ཡན་ཡབ་དང་འདྲ་བ་ལས། དེ་ལ་དབུས་པ་མངོན་པ་བ། ཞང་མདོ་སྡེ་དཔལ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཡང༌། ས་ཆེན་ཡན། གོང་དང་འདྲ་ལ། དེ་ལ་ཁམ་པ་ནེ་ཙོ་སྦལ་སྟོན། བྱེ་ལུང་པ་གླན་མི་དགེ་སློང༌། འཕན་ཡུལ་བ་ཤེས་རབ་གྲགས། གྲུབ་ཐོབ་ཤེས་རབ་རྩེ། མངོན་པ་བ་དབང་ཕྱུག་བརྩོན་འགྲུས། ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་ཡེ་ཤེས་དཔལ། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་ཤེར་རྡོར་བ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་དཔལ་ལྡན་པ་ལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡང༌། ཞང་ལ་བྲག་ཕུག་པ། བླ་མ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བདག་མེད་མའི་བྱིན་བརླབས་ཀྱི་བརྒྱུད་པ་ནི། ཆོས་རྗེ་པ་ཡན་སྔར་ཡབ་དང་འདྲ་ལ། དེ་ལ་འུ་ཡུག་པ། ཞང་མདོ་སྡེ་དཔལ། ལོ་མཆོག བླ་མ་དཔལ་ལྡན་པ། མཁན་