R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A):
[A:༣]ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་དཔལ་ལྡན་པ། ཆོས་རྗེ་བསོད་རྒྱལ་བ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཆོས་རྗེ་པ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། ཆོས་རྗེ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཨཥྚའི་བཟླས་ལུང་
འདི་ཐེ་ཚོམ།
ས་ཆེན་པའི་ཡི་གེའི་སྟེང་ནས་ཕྱག་ལེན་དང་བཅས་པ་རྒྱས་པར་ཐོབ་པའི་བརྒྱུད་པ་ནི།
འཕགས་པ་ཡན་སྔར་དང་འདྲ་བ་ལས། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བླ་མ་དཔལ་ལྡན་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། ཆོས་རྗེ་བླ་མ་དམ་པ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཀྱཻ་རྡོ་རྗེ་ཌོམྦྷི་
རྒྱ་དཔེར་གདོལ་པ་མོ་མ་ཌོཾ་བྷི་ནི་འདུག་པས་འདི་ཡང་ཌོཾ་བྷི་ཐོབ་བམ།
ཧེ་རུ་ཀའི་ལུགས་ཀྱི་དབང༌། དེའི་དཀྱིལ་ཆོག་རྗེ་བཙུན་རྩེ་མོས་མཛད་པའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི།
རྡོ་རྗེ་འཆང༌། བདག་མེད་མ། བིརྺ་པ། ཌོམྦྷི་བ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ་བ། མངའ་རིས་པ་གསལ་སྙིང༌། སྒྱི་ཆུ་བ་དགྲ་བླ་འབར། ས་ཆེན་པ། རྗེ་བཙུན་པ། ཆོས་རྗེ་ས་པཎ། བླ་མ་འཕགས་པ། ཞང་མདོ་སྡེ་དཔལ། ལོ་ཙྪ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ གྲུབ་ཆེན་ཤེར་རྡོར་བ། བླ་མ་ཆོས་སྒོ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། བླ་མ་རིན་ཆེན་དཔལ། བསོད་ནམས་འབུམ། བླ་མ་གཞོན་ཚུལ་བ། མཁན་ཆེན་པ། ཆོས་སྒོ་