R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༧
[A:༨༧]བ་ཞུས་ནས་དཀྱིལ་འཁོར་གྱི་ཆོ་ག་དང༌། སྒྲུབ་པའི་ཐབས་ཀྱི་རིམ་པ། བློ་ཆེན་སངས་རྒྱས་སྲས་ཀྱིས་མཛད་པའི་སྟེང་ནས་ལུང་དང་བཅས་པ་ཚང་མར་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མི་གཡོ་བ། ནཱ་ལེནྡྲའི་གནས་བརྟན་རཱ་ཧུ་ལ་བྷ་ཏྲ། དེས་ར་ཧུ་ལ་གཉིས་པ། དེས་པཎྜི་ཏ་རཏྣ་ཤྲཱི་ཡབ་སྲས་ལ། དེས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། དེས་བླ་མ་དཔལ་ལྡན་སེང་གེ དེས་མཁན་ཆེན་ཤེས་རབ་རྡོ་རྗེ་དེས་རྗེ་བཙུན་ཆོས་དཔལ་ཤེས་རབ། དེས་ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། བཛྲ་དྷ་ར།
རྡོ་རྗེ་འཆང༌
། ནཱ་གརྫུ་ན།
ཀླུ་སྒྲུབ
། ཤ་བ་རྭ་བ།
རི་ཁྲོད་པ
། ན་ག་བུདྡྷི།
ཀླུའི་བློ
། ཤཱཀྱ་རཀྵི་ཏ།
ཤཱཀྱ་བསྲུང་བ
། དྷརྨཱ་ཀིརྟི།
ཆོས་ཀྱི་གྲགས་པ
། སུ་ཙནྟྲ།
ཟླ་བ་བཟང་པོ
། རཏྣ་ཀ་ར།
རིན་ཆེན་འབྱུང་གནས
། ཀིརྟི་དྷྭ་ཛ།
གྲགས་པ་རྒྱལ་མཚན
། ལ་ལི་ཏ་བཛྲ།
རོལ་པའི་རྡོ་རྗེ
། རཏྣ་ཤྲཱི།
རིན་ཆེན་དཔལ
། ཛྙཱ་ན་སཱ་ག་ར།
ཡེ་བྲེས་རྒྱ་མཚོ
། ར་བི་སིང་ཧ།
ཉི་མ་སེང་གེ
སྨྲ་བའི་ཡེ་ཤེས། བ་དྷི་སིཾ། བུདྡྷ་གྷོ་ཥ།
སངས་རྒྱས་དབྱངས
། ཤཱཀྱ་སིངྒ༌།
ཤཱཀྱ་སེང་གེ
ཤྲཱི་བ་ན་རཏྣ།
དཔལ་ནགས་ཀྱི་རིན་ཆེན
། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། འཕགས་པ་མི་གཡོ་བ་དཀར་པོ་ཤེས་རབ་སྐྱེད་པའི་རྗེས་སུ་གནང་བ་ཞུས་ནས། པཎྜི་ཏ་སྦྱིན་པ་ཚུལ་ཁྲིམས་ཀྱིས་མཛད་པའི་སྒྲུབ་ཐབས། ཚིགས་སུ་བཅད་པ་དྲུག་པ། པཎྜི་ཏ་དེ་ཉིད་ཀྱི་རང་འགྱུར་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་མི་གཡོ་བ། པཎྜི་ཏ་དཱ་ན་ཤི་ལ། ལོ་སྟོན་བསམ་གཏན་གཞོན་ནུ། མཁས་པ་བྱང་ཆུབ་འོད་ཟེར། མཁན་ཆེན་གངས་པ། མཁན་ཆེན་ཐར་པ་ལོ་ཙཱ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །ཡང༌། པཎྜི་ཏ་དེ་ལ། སློབ་དཔོན་བྱང་འོད། མཁན་ཆེན་གཞོན་ནུ་ཡེ་ཤེས། མཁན་པོ་ལོ་ཙཱ་བ། མཁན་ཆེན་ཤེར་རྡོར་བ། རྗེ་བཙུན་ཆོས་སྒོ་བ་ཆོས་དཔལ་