R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༨༨
[A:༨༨]ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ།། ༈ །།རྨེ་རྩེགས་ཀྱི་བསྐོར།། ཡང༌། ཁྲོ་བོ་རྨེ་བ་རྩེགས་པའི་རྗེས་སུ་གནང་བ།
གོང་འོག་གཉིས་ལ་རྗེས་གནང་གི་ཡི་གེ་སོ་སོར་ཡོད
། བླ་མ་རྒྱ་སྟོན་ཨ་ནནྟཱ་བིརྻས་མཛད་པའི་ཡི་གེའི་སྟེང་ནས་ཞུས་ཤིང༌། དེས་མཛད་པའི་བསྟོད་པ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཇམ་དཔལ། ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། བ་རི་ལོ་ཙཱ་བ། ས་ཆེན། རྗེ་བཙུན་པ། ས་པཎ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། བླ་མ་མུས་ཆེན་པ། བླ་མ་དཔལ་ལྡན་སེང་གེ བླ་མ་འབྲི་ཕྱུགས་པ་རིན་ཆེན་དཔལ། བླ་མ་རྨེ་རྩེགས་པ་བསོད་རྡོར། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། རྨེ་བརྩེགས་པ་ལ། མཁན་ཆེན་རིན་ཆེན་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། རྨེ་བརྩེགས་གཏེར་མའི་བརྒྱུད་པ་ནི། གུ་རུ་ཆོས་དབང༌། སྲས་པད་མ་དབང་ཆེན། དེ་སྲས་ཆོས་རྡོར། བླ་མ་ངག་དབང་པ། མཁན་ཆེན་བྱང་སེང་པ། བླ་མ་རིན་ཆེན་དཔལ། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། ༈ །ཡང༌། ཁྲོ་མོ་རྨེ་རྩེགས་ནི། སངས་རྒྱས། ཕྱག་རྡོར། སེང་གདོང་ཅན། གྲུ་རཏྣ། གྲུ་སྤང་རྩ་བ་རྡོ་རྗེ་སེང་གེ དམར་ཤཱཀྱ་གྲུབ། ཆོས་རྗེ་འོད་ཀྱི་མཚན་ཅན། ཆོས་རྗེ་བསོད་ནམས་སེང་གེ བླ་མ་རྒྱ་གར་རྒྱལ་མཚན། བཀའ་བཞི་པ་སེང་གེ་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་ཆོས་ཀྱི་རྗེ། དེས་བདག་ལའོ། །།ཡང༌། རྨེ་བརྩེགས་ཀྱི་གཟུངས་ཆོག རྗེས་སྣང་གི་ཆོ་ག རྨེ་བརྩེགས་ཀྱི་སྒྲུབ་ཐབས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་འབྲོམ་གྱི་བསྒྱུར་ཟེར་བ་གཅིག་ཀྱང་ཐོབ་བོ། །ཡང་སྒྲུབ་ཐབས། ལས་ཚོགས་བཅུ་གཅིག་དང་བཅས་པའི་ཡིག་སྣ། ཆོས་རྗེ་ས་སྐྱ་པས་མཛད་པའི་ལུང་གི་བརྒྱུད་པ་ནི། ཆོས་རྗེ་ས་