R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 144
[A:144]ཁོ་ན་གཉེར་བདུན་ཅུ་དོན་འདྲེན་ལ་ཤངས་ཆོས་རྒྱས་པ་རང་ཞིག་གི་དབུ་དེ་ཉིན་ཀ་བཙུགས། རྒྱུད་སྡེ་ལྔ་རས་བྲིས་ལ་བརྟེན་པའི་དབང་གི་སྟ་གོན་བྱས་མཚམས། ཟླ་ཆོས་གཅིག་གི་རིན་ཤིན་ཏུ་དམར་བ། ཆོས་ཉན་རིན་རྒད་མོས་བྲག་ཕུག་བཏེག་ཡོང་བ་ཙམ་གྱི་ངང་ལ། རྩ་བ་ནི་གུའི་ཆོས་དྲུག་དང། གདོང་པོ་ཕྱག་རྒྱ་ཆེན་པོ་གཞུང་ཁྲིད་རྫོགས་པའི་སྐབས་དེར། གནམ་གང་གི་ནུབ་ཚོགས་ཀྱི་འཁོར་ལོ་མ་ད་ན་གཙོ་བོར་གྱུར་བའི་རྒྱ་ཆེ་བ་བསྒྲུབས། ཆོས་བྲོ་ཉམས་མགུར་བརྗིད་ཆགས་པ། སྤྱིར་ཡང་དེ་སྐབས་ཀྱི་ཚོགས་བྱུང་རེས་ལ་བྱས་ཤིང། ཁྱད་པར་དེ་ནུབ་ཡུན་རིངས་སྤྲོ་ཞིང་དང་ཆགས་པ་བྱས་མཚམས་ཚོགས་ལྷག་དོར། བྱིན་པ་ཕུག་འོག་ཏུ་ཉལ་དུ་སོང། རྒྱུན་ལྡན་གྱི་དགེ་སློང་རྣམ་པ་ལ་ད་དུང་རང་རེ་ཇ་སྐོལ་ཨེན་ཙམ་བཞུགས་བྱས། ཇ་ཤིན་ཏུ་བཟང་བ་ཞིག་བསྐོལ་རིན། ངེད་རང་གིས་ཀྱང་ཇ་ཁང་དུ་ཕྱིན་པའི་འཕྲོས་གཏམ་ལ། ཁོང་རྣམ་པ་ན་རེ། ན་ནིང་ཡུམ་སྙུང་སྐབས་ནས་ཁ་སང་ཟླ་བ་སྔ་མའི་གནམ་གང་ལ་ཡུམ་སྲས་མ་མཇལ་བར། ངེད་རྣམ་པའི་མཐོང་སྣང་ལ་ཡང་ཐུགས་སྐྱོ་ཤས་ཀྱི་རྣམ་པ་ཆེ་ཞིང། སྔར་དང་མི་འདྲ་བའི་སྐུ་གཟི་མདངས་ངན་པར་འདུག་པས། ལུང་བསྟན་དེའི་སྟེང་དུ་འབབ་པར་འདུག་སྙམ་པའི་ཡིད་མི་བདེ་བར་བྱུང་ཡང། ཡུམ་དང་མཇལ་མན་གྱི་ཟླ་ཆོས་གཅིག་པོ་འདིའི་རིན་སྐུ་གཟི་མདངས་ཤིན་ཏུ་རྒྱས་ཤིང་ཐུགས་སྤྲོ་བའི་ཚུལ་བསྟན་བྱུང་བ་འདིས་ད་བར་ཆད་དེ་བཟློག་པ་ཡིན་ནམ་སྙམ། ངེད་རྣམས་བློ་གཏིང་ནས་བདེ་བའི་བག་ཕེབས་པ་བྱུང་ཟེར་གྱི་འདུག་པ་ལ། ངས་རྨོངས་པ་ཧ་རེ་ལོང་ཚོ། མ་དྲིན་ཅན་དང་འདྲལ་བའི་སྡུག་བསྔལ་གྱི་ཁྲེལ་གཞུང་དགོས་སྐལ་ལོ་གཅིག་ཧྲིལ་ཁུར་བ་ཁྱེད་