[A:143]ལམ་རེ་རེ་ནས་ཕྲེང་བ་ལ་བཅུག་པའི་འཁྲུལ་མེད་དུ་དེ་རིང་རང་ལ་སྟོང་རྭ་ཅན་ཙམ་སོང། གྲལ་གྲོལ་ནས་ཡབ་ཀྱི་གསེར་འབུམ་དྲུང་ཉལ་དུ་ཕྱིན་མཚམས། ཐུན་གཏོར་སོགས་ཐུགས་དམ་ཆག་མེད་རྣམས་བགྱིས། དེར་གཉིད་གཏན་མ་བྱུང་ཞིང། བསམ་པ་ངེས་འབྱུང་གིས་དྲངས་པའི་སྔར་གྱི་སྨོན་ལམ་དེ་ཀ་མཚན་རངས་vc: རང་ས?བ་བཏབ། ཉི་རྩེ་ལ་གཟིམས་ཁང་སྟེང་དུ་བཞེས་སྤྲོ་གཟབ་དགུ་བཤམས་པའི་གདན་གཅིག་དེ་གནང་བྱུང་བ་ལ། མས་ལག་བདར་ནས་བྱིན་པའི་ཟ་མའི་ཇེས་མ་འདི་རང་ཡིན་བསམ་དཀོན་པའི་འདུ་ཤེས་ཀྱིས་ཚིམ་པར་བཟས། ཇ་སྦྱོ་སྦྲེལ་གྱི་རིན། མདང་གི་འཕྲོས། ངེས་བྱིས་པའི་སྐབས་ཀྱི་གླེང་བླངས་མང་པོ་གསུངས་པའི་མཐར། ཁོ་མོ་སྐལ་བ་བཟང། དེ་འདྲའི་བྱིས་ཆུང་ཅིག་བསྐྱངས་པ་ལ། ད་མིག་གིས་མཐོང་བར་སེམས་ཅན་ཡོངས་ཀྱི་སྐྱབས་མགོན་ཆེན་པོ་ཅིག་བྱུང་གསུང་སྤྱན་ཆབ་ཉིལ་མཛད་བྱུང་བས། རེ་ཤིག་ལས་སྣང་གི་འཆར་སྒོ་འགགས་པའི་དྲན་མེད་ལྟ་བུ་ཅིག་བྱུང་རྗེས། ཕྱག་གསེར་ཞོ་གང་ཡུམ་གྱི་ཕྱག་ཏུ་ཕུལ་ནས། ཕྱག་དེ་ཉིད་བདག་རང་གི་སྙིང་གི་ཐད་དུ་བཞག་སྟེ། མདངས་ནུབ་ཀྱི་སྨོན་ལམ་གཅིག་པུ་དེ་ལན་གསུམ་སྙིང་ཐག་པས་བཏབ། དེ་དེ་བཞིན་དུ་འགྲུབ་པའི་མཚན་མ་བརྟན་པོ་ཡང་ཤར། སྡུག་བསྔལ་ཡུལ་ཕུད། སྐྱེ་འཆིའི་འཚང་སྡིབ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བཟང་པོ་ཁོང་དུ་ཆུད་པའི་སྤོབས་པ་ཁྱད་པར་ཅན། མའི་ཕྱག་སྙིང་ལ་གཏུགས་པའི་རྟེན་འབྲེལ་དེས་བྱུང། ཚེ་འདིར་མཇལ་བའི་རྗེས་མ་དེ་རང་ལ་བྱས། ཁམས་འདུས་ལེགས་པར་གྲོལ་བའི་ངང་ནས་བྲག་སྟེངས་སུ་ལམ་མི་འཆག་ལ་ཕྱིན། ཆོས་རྗེ་འདར་པ་དཔོན་སློབ་གྲ་ཕོ་མོ་སུམ་ཅུ་ཙམ། གཞན་དད་འདུས་བསྒོམ་