R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 147
[A:147]ནས་འགྱེད་དང་བཅས་བསྒྲུབས་ཤིང། སྐྱེས་ཡུལ་དུ་ཡང་མར་ཞོ་བཅུ་གཉིས། ཐུད་ཞོ་གང། ཕྱག་གསེར་སྲང་གང་སོགས་མའི་ནུབ་ཚབ་ལ་དམིགས་པའི་འབུལ་སྐྱེལ་ཡང་དག་པ་བཏང། དུས་མཆོད་བཟང་དཔེ་ལ་འཁྱེར་བ་རང་བྱུང་ཞིང། མདོར་ན་ད་ལྟ་ཚེ་འདིའི་བསྐྱེད་མ་ལ་ཡང་དྲིན་ལན་དུ་སླད་འདོད་མེད་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་ཞལ་གྱིས་འཆེས་པའི་ཐེག་པ་ཆེན་པོ་པ་རྣམས་ལ་བདག་བཅོས་མ་མ་ཡིན་པའི་ཞེ་ཁྲེལ་གཏིང་ནས་སྐྱེས་སོ༎ དེ་ལྟར་དུ་བྲན་ཐོན་པ་དང་ལྷན་དུ་ལམ་འབྲས་ཀྱང་གྲོལ། ཁྱི་ལོ་དེ་ཉིདདྲུང་པ་ཆོས་རྗེ་བདེ་བར་གཤེགས་ནས། ལོ་བསྐོར་གཅིག་སོང་བའི་ལོ་དུས་ཡིན་པས། དེ་ལ་དམིགས་པའི་དགེ་བ་འགྲུབ་ཆེ་བ་གཅིག་བྱུང་ན་སྙམ་ཕུ་ཕག་དགོན་པར་ཕྱིན། སྔར་གྱི་དཀྱིལ་འཁོར་ལྔའི་སྟེང་དུ། ཆོས་རྗེ་སྐུ་མཆེད་པས་གཙོ་མཛད། ཤར་ཕྱོགས་ནས་བྱོན་པའི་དགེ་བཤེས་གསར་པ་ཤ་སྟག་རྣམས་ཀྱིས་བདེ་བར་གཤེགས་པ་བརྒྱད་ཀྱི་ཐུགས་རྗེ་བསྐུལ་བ་སྨན་བླའི་མདོ་མཆོད། ངེད་རང་གི་རྒྱུན་ལྡན་གྱི་གྲོགས་དགེ་སློང་རྣམ་པས་མི་འཁྲུགས་པ་ལྷ་དགུའི་སྒྲུབ་མཆོད་དང་བཅས་པའི་དཀྱིལ་འཁོར་བདུན་ཞལ་འབྱེད་པའི་ཆོག་བསྒྲིགས་ཕྱག་ལེན་འཛུབ་འཁྲིད་རྣམས་ནན་ཆགས་སུ་བྱས་རྗེས། ས་གའི་ཚེས་བཅུ་ལ་དཀྱིལ་འཁོར་སོ་སོའི་ཐིག་བཏབ་ནས་ཉེར་ལྔའི་བར་དཀྱིལ་འཁོར་རེ་རེའི་མཐར་ཡང་གཙང་ཞིང་དག་པའི་མར་མེ་ལྷ་བཤོས་བཟང་ཞིང་གྱ་ནོམ་པ། ཁྱད་པར་དྲུང་བཙུན་པས་གཙོ་མཛད། དྲུང་པ་ཆོས་རྗེ་ཉིད་ཀྱི་ཞབས་འབྲིང་རྒྱུན་དུ་བསྟེན་པའི་གཟིམས་གསོལ་རྙིང་པ་འགས་གདུང་རྟེན་དྲུང་མར་མེའི་ཕྲེང་བ་རྒྱ་ཆེ་བ་གསྟོ་བོར་བཤམས་པའི་མཆོད་པ་རྣམ་གྲངས་དཔག་མེད་དུས་