R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 148
[A:148]གསུམ་དུ་གོ་བརྗེ་བ་ཐུན་བཞིར་བཅད་པའི་བླ་མ་མཆོད་པ་དང་འབྲེལ་བར་གསེར་གྱི་མཎྜལ་འབུལ་བ་ཉིད་ཆིག་དྲིལ་དུ་གནང། དེ་སྐབས་ལྷ་ཁང་ཐམས་ཅད་དུ་ཉིན་རེ་བཞིན་རྟེན་གསུམ་ཡོངས་ལ་བྱི་དོར་སྔོན་དུ་འགྲོ་བའི་མར་མེའི་སྡོང་བུ་གཉའ་ཤིང་གི་ཁྱོན་དང་མཉམ་པ། མཚན་མོ་ཡང་ཉིན་མོ་ལྟར་གསལ་བར་བྱེད་པའི་མུན་བསེལ་གྱི་མཆོད་པ་འཁོར་མ་རྒྱང་རིང་པོ་ནས་ངད་ལྡང་བའི་སྤོས་ཀྱི་དུད་སྤྲིན་མཐའ་ཡས་པ། ཡོན་ཆབ་ཁ་དོག་སྣ་ཚོགས་སུ་བསྒྱུར་བ་སོགས། དེའི་རིན་མཆོད་པའི་ཤོམས་ཁོ་ནས་ཉིན་མཚན་འདའ་བར་བྱས་པས། ཤ་ཚའི་ཉེ་སྦྱོར་བ་འགའ་རེས་འདི་ལྟར། དཀྱིལ་འཁོར་ཁ་གྲངས་མང་པོ་དང། ལྷ་ཁང་ཐམས་ཅད་དུ་དཀར་མེ་མཛད་ན་མར་གྱིས་མ་འདང་དོགས་མཆིས་པས། ལྷ་ཁང་རྣམས་སུ་འབྲུ་མར་འབུལ་བ་གནང་ན་ལེགས་ཟེར། མར་ཁུ་མང་པོ་འདུ་བྱས་འདུག་པ་ལ། ང་མཆོད་ཡུལ་བཀའ་དྲིན་འཁོར་མེད་ཀྱི་བླ་མ་ལ་བྱས། དམིགས་ཡུལ་དྲིན་ཅན་གྱི་མ་ལ་བསམ་པའི་དགེ་རྩ་ལ་ནག་མོ་འབུལ་བ་རྟོག་པ་ཟ་བྱས། ལྷ་ཁང་མ་ལུས་པའི་སྲང་བ་དོ་ཚུན་སྣུམ་གྱིས་ཡོངས་སུ་ཁྱབ་པའི་ཕྱི་བདར་ཉིན་རེ་བཞིན་ལན་གསུམ་རེ་དད་ལོང་རྣམས་བསྐུལ་ནས་བགྱིས་ཤིང། དེ་དུས་རྣ་དཔང་མ་ཉམས་པ་ཐམས་ཅད་ལ་བརྡ་འཕྲོད་ངེས་པར། ལན་གཅིག་གཉིས་མ་ཡིན་པ། ཡབ་མེས་ཀྱིས་བཞེངས་པའི་གནས་འདི་རྣམས་ལ་ད་ལྟ་རང་དབང་ཐོབ་དུས་ཞབས་ཏོག་འདི་ལྟར་འབུལ། དེས་བློ་ཁ་ཁེགས། མཐར་ཐུག་རྒྱ་གར་རྡོ་རྗེ་གདན་མི་རྟག་པའི་སར། ཁྲ་ཆལ་ཆིལ་འདི་ཀུན་ཀྱང་རྟག་པ་དཀའ་བོ་བྱས། གྱང་རིས་རེ་རེ་ལ་འཛུབ་མོ་མ་བཙུགས་པ་མེད་ནའང། གཅེར་མཐོང་དུ་བྱུང་བྱུང་གོ་མཁན་མི་འདུག། སྐབས་དེར་རྣམ་ཐར་བསྟོད་