R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 161
[A:161]ད་ལོ་རི་ཀླུངས་མེད་ཁ་བས་འགགས་པ་ལ་ཐོ་ན་ངམ་རིང་ཙམ་ཨེ་ཕེབས་ཡིན་ཟེར། ཆོས་ཆོད་པའི་སྒང་ཇ་དུད་བུན་ཙམ་ལ་སྒོ་ཙར་སླེབ་པ་ཡིན། ཡར་ལམ་ན་ཡོད་པའི་འབྲོག་པ་རྣམས་ཀྱིས་གསེར་འབུལ་བ་བྱུང་བ་རྣམས་ལ་མིག་ཀྱང་མ་བལྟས་པར་རང་དགར་བཞག་པས། འགའ་རེས་ནན་བསྐྱེད་ལག་ཏུ་འཕངས་བྱུང་དུས་སླར་ཁོ་རང་ལ་འཕངས། དེ་ནས་ཀྱང་ལག་ཏུ་གཏད་བྱུང་བ་ཁ་ཕྱེ་སྟེ་དཀོན་མཆོག་མཆོད་བྱས། ནམ་མཁའ་ལ་གཏོར་བ་མང་པོ་བྱས་པའི་གཏམ་ཡོངས་ན་ཁྱབ་ཡོད་ཅིང། དཔྱིལ་བུར་སླེབ་དུས་སྐོལ་ཇ་བཟང་བ་ཉེག་དྲུག་བདུན་ཙམ་དང། ཕ་ནེ་ལ་བྱིན་རྒྱུར་གོས་ཅིག་མ་གཏོགས། དར་ཁ་གང་ངམ། གསེར་བསེ་གཅིག་མེད་པ་ཀུན་ལ་གསལ། དེ་ནས་དབུ་ལེགས་བྱམས་པ་གླིང་དུ་ཞག་འགའ་ངལ་བསོས་ཏེ་བློ་བོ་vc: གློ་བོནང་དུ་ཕྱིན། དེ་ལོའང་ས་གའི་དུས་ཆེན་ལ་བསྙེན་བསྐུར་ཡང་དག་གི་ཞབས་ཏོག་བགྱིས་ནས། བར་བོང་གི་བྲག་དམར་ཆོས་སྡེའི་ལྷ་ཁང་གི་རབ་གནས་ལ་འབོད་མི་རྐང་བཙུགས་བྱུང་བས་ཕྱིན་ཏེ་རབ་གནས་ལེགས་པར་བགྱིས། དེར་འདུས་རྣམས་ལ་ནི་གུ་སོགས་འདོད་ཆོས་ཀྱི་རེ་བ་རྫོགས་པར་བྱས་སྐབས། འབུལ་བ་ལ་བྱུང་བའི་ཟངས་རྣམས་ལྷ་ཁང་གི་ཀུན་རར་བསགས་པས་མི་གཤོང་བ་ཙམ་ཞིག་བྱུང་བ། དེར་འཚོགས་པའི་དགེ་འདུན་རྣམས་ལ་མའི་དོན་ལ་ལྟོས་མེད་དུ་ཕུལ་ནས་བསྔོ་བས་རྒྱས་བཏབ། དེ་དུས་ཛོ་ཀི་ཅིག་ཡོད་པ་སྙིང་ཧ་ལས་ནས་བརྒྱལ་བ་ལྟ་བུ་བྱུང། དེར་དངོས་པོ་སོ་གཅིག་མ་འདྲེས་པ་བྱས་ནས་སླར་ལོག་གནམ་སྟེངས་སུ་བསྡད། དཔྱིད་སོས་ནས་དབྱར་སྨད་བར་སོས་དལ་ཅིང་བག་ཕེབས་པ་རང་བྱུང་དུས་དེར་གོང་ནས་ནམ་མཁའ་རིན་ཆེན་སྐྱར་སྐྱ་རྫོང་དུ་ཁྲི་དམག་དང་བཅས་ཕེབས་བྱུང་བའི་ཕྱག་