R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 183
[A:183]པའི་རྒྱ་མཚོ།
24
སྟོང་ཐུན་ཆུང་བ་དབང་པོའི་རྡོ་རྗེ།
25
རྟ་ཁྲིད་vc: ལྟ་ཁྲིདཆེན་མོ་ཚངས་པའི་རྔ་སྒྲ།
26-27
བྱང་ཆུབ་སེམས་འགྲེལ་དང་ཆོས་དབྱིངས་བསྟོད་པ་གཉིས་ཀྱི་ཊྭིཀྐ།
28
གཞན་ལུགས་ཀྱི་དབུ་མ་ནོར་པ་བརྒྱ་དང་བརྒྱད་བགྲངས་པ་ངེས་དོན་སྙིམ་པའི་མེ་ཏོག།
29
ངེས་དོན་བདུད་རྩིའི་ཐིགས་པ།
30
སྟོང་ཉིད་རབ་གསལ།
31
ལུགས་གཉིས་རྣམ་འབྱེད་རྩ་འགྲེལ།
32
འདུལ་བའི་དཀའ་འགྲེལ་ཉི་མའི་ཤིང་རྟ།
33
ལས་ཆོག་གི་དཀའ་འགྲེལ་ཟླ་བའི་ཤིང་རྟ།
34
གཞི་གསུམ་ཆོ་ག་བདུད་རྩིའི་རོལ་མཚོ།
35
ཐེག་པ་གསུམ་གྱི་འདུལ་བའི་བསླབ་བྱ།
36
བསླབ་བྱ་བསྡུས་པ་ལས་དང་པོ་པའི་གནས་འདུལ་བའི་འབེལ་གཏམ་རྣམ་ངེས།
37
སྡོམ་གསུམ་རབ་དབྱེའི་ཁ་སྐོངས།
38
བསྡུས་དོན།
39
སྤྱི་དོན།
40
ཐལ་ཕྲེང།
41
མངོན་པ་ཀུན་ལས་བཏུས་ཀྱི་རྣམ་བཤད་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོའི་རླབས་ཕྲེང།
42
དེའི་གྲུབ་མཐའ་བསྡུས་པ།
43
མངོན་པ་མཛོད་ཀྱི་མཐའ་ཆོད་བྱེ་བྲག་ཏུ་བཤད་པའི་རྒྱ་མཚོ་ཆེན་མོ།
44
བཀའ་འགྱུར་གྱི་དཀར་ཆག་དུ་མ།
45
ཆོས་གྲྭ་འདི་ཉིད་ཀྱི་བྱམས་ཆེན་གྱི་ཕྱི་ནང་གི་དཀར་ཆག།
46
ཆོས་འཁོར་དེབ་གཏེར།
47
བཅའ་ཡིག་ཚན་པ་གཉིས།
48
མོལ་གཏམ་རྒྱས་བསྡུས་ཚན་པ་བཞི་དང།
49
བཀའ་ཤོག་ཤིན་ཏུ་མང་བ་དང་བཅས་པའི་ལུང་ཤིན་ཏུ་འཇུར་བ་ཉིན་ཞག་གི་གདན་གཅིག་སྐབས་ཙམ་མ་གཏོགས་ལྷག་པར་འགྲུས་པའི་བརྩོན་འགྲུས་ཀྱིས་མཐར་ཕྱིན་ཅིང། བསྙེན་བཀུར་དང་འབུལ་དངོས་ཀྱིས་དགེ་བ་བསྐྱེད་པའི་ལེགས་བྱས་ཉིད་སྒྲུབ་བྱའི་གཙོ་བོར་བགྱིས་ཤིང། སྔ་དགོངས་ཀྱི་ཆ། སྡེ་པ་ཡབ་ཡུམ་དྲུང་དུ་བཀའ་དབང་ནི་གུའི་མགྱོགས་ཁྲིད་སོགས་ཐུགས་ཀྱི་བཞེད་པ་ཡོངས་སུ་གང་བའི་ལེགས་བྱས་སྤེལ་ནས། སླར་མང་མཁར་མུ་གུ་ལུང་གི་གནས་ལ་བརྒྱུད་དེ་བྱང་ཕྱོགས་ཆོས་ཀྱི་