R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 267
[A:267]ཤྲེ་ཡ་སེསྟུ། འཇམ་དེས་ཞི་དུལ་མགོན་མེད་ཡིད་བསོའི་གཉེན༎ སྒྲུབ་པའི་དཔའ་བོ་ཡོངས་ལའང་དཀོན་པར་སྣང༎ དཔལ་ལྡན་འགྲོ་ཀུན་དགའ་བའི་སྨིན་གྲོལ་མཆོག༎ བློ་གསལ་རྒྱ་མཚོའི་སྡེ་ཡིས་ཡུན་དུ་སྦྱངས༎ ཡོང་དལ་དག་པའི་རང་སྣང་རིས་མེད་པ༎ ཁ་ཙམ་མ་ལགས་སྙིང་ནས་སེམས་པར་བགྱིས༎ ཕྱོགས་བྲལ་ཉེ་རིང་སྤངས་པའི་ཕན་བདེའི་བློ༎ གཞན་ངོར་མ་ཟད་ཡིན་ལ་ལན་བརྒྱར་བཞག༎ འདི་ན་ཕ་རོལ་ཕུན་ཚོགས་ལ་སྡང་བས༎ ཡིད་ཁྲོའི་མེ་ཆེན་འབར་བའི་ཀུན་རྟོག་ཅན༎ དག་སྣང་བུད་ཤིང་བསྲེག་ལ་བརྩོན་པ་དག༎ བདག་ལ་བརྟེན་ནས་དམྱལ་བར་འགྱུར་ཏ་རེ༎ ཀྱེ་ཧོ་ཇི་ལྟར་བགྱིས་ན་བཟློག་པར་ནུས༎ རི་གཟར་རྦབ་དང་ཅོང་རོང་ཆུ་རྒྱུན་ལྟར༎ གྱེན་དུ་འདྲེན་པའི་ཐབས་སྟོབས་འབད་པས་ཅི༎ ངང་གིས་ངན་འགྲོའི་འབབ་སྟེགས་གཞོགས་འཆའི་གནས༎ མངོན་ཤེས་མིག་ཉམས་རྨུ་ཐོམ་ལོང་བའི་ཚོགས༎ གཅིག་ལ་གཅིག་བསྟེན་གར་འགྲོའི་ལམ་མ་དམིགས༎ འོལ་ཚོད་གོམ་སྟགས་བརྡེག་འཆོས་ལག་སྦྲེལ་ནས༎ རབ་