[A:268]དམའི་མནར་མེད་ཁང་པར་ལྷན་ཅིག་སོང༎
སྙིང་རྗེའི་དབང་སྒྱུར་དམན་ལ་རབ་ཆགས་པས༎
མགོན་མེད་སྐྱབས་བྲལ་དེ་དག་འདྲེན་པའི་ཆེད༎
བྱམས་པའི་ལྕགས་ཀྱུས་འཛིན་ལ་རྗེས་ཕྱོགས་པ༎
ཤུགས་དྲག་ཕན་སེམས་འབད་ནས་བགྱིད་པར་སྨོན༎
ཀྱེ་ཧུད་ཕ་མར་མི་འཛིན་ཁྲེལ་ཤོར་བུ༎
ཕན་བཏགས་ལན་དུ་གནོད་པའི་བསམ་སྦྱོར་ཅན༎
འདི་དེ་ཇི་བཞིན་དུས་མཐའི་རང་བཞིན་གྱིས༎
ཡིད་ཀློང་སེམས་ཀྱི་ཚེར་མ་ཟུག་ངུའི་མཚོན༎
ཨེ་མ་ཆོས་ཀྱི་བདུད་རྩི་ཡི༎
རྙེད་པའི་ལམ་དུ་དུག་ཆུའི་ཆག༎
དམོད་ཚིག་མཚོན་རྣོན་སྦྱིན་པ་པོ༎
གདུག་པའི་སློབ་མ་འདི་རེ་མཚར༎
བཟོ་འབྲས་ཡོན་ཏན་རྒྱན་ཕྲེང་ནི༎
རྙེད་དཀའི་རྣོར་བུའི་དོ་ཤལ་ཉིད༎
བྱང་ཆུབ་སེམས་ཀྱི་ལང་ཚོ་ཡི༎
བཞིན་རས་མཛེས་པའི་དཔལ་དུ་གྱུར༎
བསམ་ཆུང་ཚེ་འདིས་ཡིད་བསྐུལ་ནས༎
ཆོས་ལྟར་སྟོན་ལའང་ཡིད་ཆགས་པ༎
སྐལ་ཆད་དེ་དག་མཐོང་ཐོས་སྐབས༎
ངེས་པར་འབྱུང་ཞིང་འཆི་མ་བཀུད༎
ཆོས་ཕྱིར་སྙན་གྲགས་རིང་དོར་ཞིང༎
དཀའ་བའི་ཁུར་ཆེན་བརྒྱ་ཕྲག་བླངས༎
ལྷག་བསམ་དག་པས་ལེགས་སྩལ་ནའང༎
གཞན་དོན་མི་འགྱུར་འདི་རེ་ཀོ༎
རང་སེམས་སྤངས་ཡིན་རང་ཆེད་བྲལ༎
གཞན་ཕན་རིས་མེད་གཞན་དོན་བསམ༎
བསྟན་པའི་ཁུར་ཁྱེར་བསྟན་པའི་རྒྱུན༎
མི་ཉམས་འཛིན་ཕྱིར་མི་ལུས་བླངས༎
སྣ་ཚོགས་ཆོས་ཚུལ་འབུམ་ཕྲག་གི༎
དབང་ལུང་གདམས་པའི་གཉེར་ཁ་བ༎
གང་ལ་གང་འདོད་ཆོས་ཀྱི་སྒོ༎
འདི་ན་འབྱེད་ལ་རང་དབང་ཐོབ༎
དེ་ཡང། དཔལ་ངམ་རིངས་ཀྱི་ཆོས་གྲྭ་ཆེན་པོའི་འདུས་པའི་དགེ་