R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 310
[A:310]ཉེར་གཅིག། རྣལ་འབྱོར་མའི་གདུང་ཚ་གསེར་ཆུ་མ་ཉེར་གསུམ། གཟིགས་པའི་མེ་ལོང་སྤུར་བཞུའི་ལྕགས་སྣ་རྣམས་དང། བདུད་རྩི་རིལ་བུ། ཟས་སྣ་རྣམས་དང། སྨན་བཟང་དྲུག་གི་ཕུར་མས་ཡོངས་སུ་གང་བའི་ཕྱི་འགྲིལ་དར་ཆེན་སྣ་ལྔ། ཀུན་མཁྱེན་དོན་ཡོད་དཔལ་གྱི་དབུ་ཞྭ། རས་ཀྱི་སྣམ་ཆོས། པཎ་ཆེན་གྱི་སྐུ་ཆོས། ལྕང་ལུང་པའི་ཞབས་རྗེས། ཞང་འཁྲུལ་ཞིག་གི་སྣམ་ཕོད་རྣམས་ཀྱིས་དྲིལ་ཚས་འཐེམས་པར་བྱས་ནས། སྤྱི་དོལ་མའི་ས་དགྲ་བསྣོན་བྱེད་རུས་སྦལ་གྱི་ལུས་ཚང་བའི་ཁྲི་སྟེང་དུ་བཞུགས་སུ་གསོལ་ཏེ་མདུན་ངོས་སུ་རྭ་རྡོ་རྗེ་གྲགས་པའི་ཐུགས་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གསེར་སྐུ་རྩེ་འཁྲུ་གང་བ་བྱིན་རླབས་ལྷག་པར་ཆེ་བ་དེ་ཉིད་ཀྱི་རྭ་རྩེ་ཞལ་གདོང་གསང་མཚན་བསྒྲེང་བ་རྣམས་སྤྱི་དོལ་གྱི་བུག་པ་ལ་གཏད་པའི་ས་གཏད་འཐེམས་པའི་གནད་སྦྱོར་ཡང་དག་དང། མཁའ་སྤྱོད་གྲུབ་པའི་བསྟི་གནས་མཆོག་ཏུ་ས་ཕྱོགས་ཡང་དག་པར་བྱིན་གྱིས་བརླབས་ཏེ། འཁོར་ལོ་བདེ་མཆོག་ཉིད་ལས་བཤད་པའི་དེ་བཞིན་གཤེགས་པ་གཟུགས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་ཡིད་ཆེས་པའི་མཐར་ཐུག་པར་བསྒྲུབས་ནས། གར་བུ་འདོམ་གང་གྲུ་བཞི་ཙམ་ཞིག་བསྒྲུབས་རྗེས། དངུལ་ཆུའི་དགོན་གྱི་རབ་གནས་རྣམ་པ་ཙམ་དེ་ལ་འབོད་མི་ལྟར་ཕྱིན་ནས་ཆ་ཙམ་བྱས་ནས་ལམ་བསྲངས་ཏེ་ཤར་ཕྱོགས་ལ་འོངས་པས། ཁྲི་ཁང་དུ་བསྡོད་རིན་དཔལ་འབྱོར་ཁམས་མ་སྙོམས་པར་རིམ་འགྲོ་འཕྲོད་རྟེན་མང་དུ་བྱས་པས་སོར་ཆུད་ཅིང། དགུན་དེ་བསམ་སྡིངས་སུ་ནི་གུའི་ཁྲིད་ཆོས་རྒྱ་ཆེ་བ་བྱུང་ཞིང། ཕ་རིན་པོ་ཆེའི་སྐུ་སྐྱེ་སྤྱན་འདྲེན་ལ་དྲུང་གནས་རས་ཆེན་པ། དྲུང་གནས་བ་དེ་རབ་འབྱམས་པ། འགྲོ་མགོན་ལྷ་རི་བས་གཙོ་མཛད་གྲྭ་པ་རྣམས་པ་ནམས་སུ་