R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 309
[A:309]གུའི་ཁྲིད་སོགས་ཟླ་ཆོས་གཅིག་ཕུལ་ནས་སླར་ལོག་མཚམས། ཧོར་ཟླ་བརྒྱད་པའི་ཚེས་བཅུའི་འགྲུབ་སྦྱོར་དགེ་བ་ལ་ཆོས་སྡེ་ཆེན་པོ་དཔལ་འཁོར་བདེ་ཆེན་གྱི་ཆོས་ཁྲིར་མངའ་གསོལ་གནང་བའི་བཀྲ་ཤིས་ཞལ་གྲོ་གནང་རྗེས། གནས་རྙིང་དུ་རྗེ་རིན་པོ་ཆེ་ཡབ་སྲས་སྐུ་ངོ་མཐའ་རྒྱས་ལ་དབང་རྡོ་ཕྲེང། ནི་གུའི་ཁྲིད། རྒྱུད་སྡེ་ལྔའི་དབང་སོགས་ཤངས་ཆོས་ཚང་མ། ཡང་ཕུར་རྣམས་ཕུལ་ནས། རྒྱལ་རྩེར་སྡེ་པ་རིན་པོ་ཆེའི་ནང་རྟེན་ཐུབ་པ་མཐོང་བ་དོན་ལྡན་གྱི་རབ་གནས་བྱས། ཆོས་ལུང་བྱང་རྩེར་ཕྱིར་དུས་རྣལ་འབྱོར་མ་བྱིན་རླབས་ཅན་དེ་སླེབ་གདོང་ན་ཕེབས་འདུག་ཅིང། ཟླ་བ་བཅུ་པའི་ཚེས་པ་བཅུ་གཉིས་ཡབ་རིན་པོ་ཆེའི་དུས་ཆེན་སྟེངས་སུ་མཆོད་རྟེན་ཆེན་མོའི་བརྩིགས་གཞིའི་འགྲམ་གཏིངས་ཞིང། ལྟེ་བའི་གཞི་ལ་རིན་ཆེན་ཟངས་ཀྱི་ཟ་མ་ཏོག་ཏུ་ཡུམ་རིན་མོ་ཆེའི་སྐུ་གདུང་ལས་བསྒྲུབས་པའི་རུས་རྒྱན་དང། ཐུགས་རང་བྱོན་ཨོཾ་གསུམ་མས་སྐོར་བའི་འདེབས་ལ་སྐུ་གདུང་ལས་འཁྲུངས་པའི་རྡོ་རྗེ་རྣལ་འབྱོར་མ་སེན་དངོས་ཙམ་རིང་སྲེལ་གྱིས་འཁོར་པ་ཙན་དན་དམར་པོའི་མཆེད་རྟེན་vc: མཆོད་རྟེནགཡུ་ཁྲ་གསེར་གྱི་སྒོ་རྒྱན་ཤེལ་སྒོ་ཅན་གསེར་ལྗང་བརྡུངས་ཀྱི་བཅུ་གསུམ་འཁོར་ལོ་ནོར་བུའི་ཏོག་ཅན་དར་གོས་ཀྱིས་དཀྲིས་པའི་མདུན་དུ། ནཱ་རོ་པའི་ཕྱག་བཟོའི་ནཱ་རོ་མཁའ་སྤྱོད་ཆོས་ཀྱི་རྒྱལ་པོ་འཕགས་པའི་ཐུགས་དམ་འབྲལ་སྤངས་རྩོད་བྲལ་སོར་བཞི་མ་ལ། གསེར་ཆུས་བྱིལ་མོར་ལན་གསུམ་བྱུགས་པའི་སྐུ་ལ་མུ་ཏིག་ཐོད་བསྐམ་གྱི་གཟོ་རང་བྱོན་ཡོད་པའི་རྡོག་ཉེར་གཅིག། གཡུ་ཆུང་དྲུག་དཀར་མེ་སྟག་འདྲ་བ་ཉེར་གཅིག། གསེར་གྱི་བུམ་ཚངས་གཡུ་ཁྲ་མ་བདུན། གསེར་རང་གི་བཟོ་ཁྱད་དཔེ་བྲལ་བདུན། གཡུའི་པད་འདབ་གསེར་གདན་མ་ཁྱད་ཐོན་བདུན་ཏེ་