R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 312
[A:312]ལ་དམིགས་པའི་བྱམས་པའི་གསེར་སྐུ་ཁྲུ་གང་པ་ཡང་གཤེངས་ཤིང་ཤངས་པ་གྲྭ་ཁང་དུ་སྐྱལ། སྔ་ཕྱིར་ཇ་སིག་གསུམ་དང་གཤེགས་དུས་རྔ་གཟར་ས་གདན་སྡེ་པར་དཔུས་སྒྱུར་ཞུས་པའི་ནས་ཁལ་ཉིས་བརྒྱ་དགེ་འཐུད་ཐུགས་དམ་འདོགས་ལ་བསྐུར་བྱུང་བའི་ཆོས་རྗེ་རང་གི་རྣམ་སྦྱར་ཡང་སེམས་དཔའ་ཆེན་པོའི་སྐུ་འདྲ་ལ་ཁ་ཡིག་བཏབ་ནས་ཕུལ། དེར་སྐུ་འདྲའི་རབ་གནས་དབུ་མཛད་ཆེན་མོ་ལ་བཀོད་ནས། ནོར་བུ་གླིང་དུ་ཚོགས་བདག་རབ་གནས་ལ་ཡོངས་ཞིང་གོས་ཐང་བཅོ་ལྔ་པོ་ལ་མཆོད་ཡོན་གདན་འཛོམ་ཞལ་རྒྱས་ངང་ནས་བཀྲ་ཤིས་ཞལ་བསྔོ་ཡང་དག་བྱུང་ཞིང། སྡེ་པའི་དྲུང་དུ་མུ་ཏིག་གི་དཔུས་བསྒྱུར་ཞུས་པའི་ནས་ཁལ་ལྔ་བརྒྱ་གསེར་མདོག་ཅན་གྱི་མཁན་པོའི་དྲུང་གི་བླ་བྲང་གསར་སྤྱོད་ཀྱི་ཐུག་ཚུལ་བསྒྱུར་ཕུལ་ནས་ཆོས་ལུང་དུ་སླེབ་འཕྲལ་རྒྱ་ཚོ་བས་ཇག་བྱས། དཀར་དམིགས་ཀྱི་འབྲོག་པ་ལ་གཞིས་ཀ་ནས་ཕྱིས་ལམ་ཁེགས་པའི་བཀའ་བཀོད་གནང་ནས་སོར་ཆུད་བྱུང་ཞིང། དེ་མཚམས་གཏིང་སྐྱེས་བྲག་དཀར་ནས་ཏྲཀྵད་ཆོས་ལུང་གི་གཉེར་གཏད་ལ་ཆེད་དུ་དམིགས་སྤྱན་འདྲེན་རྐང་བཙུགས་བཏང་པས། རྟེན་དར་མདའ་དང་བྲིས་སྐུ་རྙིང་མ་གྲི་སྙིང་དང་བཅས་པ་ཕེབས་གདོང་ཆོས་མཛད་སྔོ་ཚ་བས་རྒྱ་ཚོ་བའི་དོན་ལ་ཡོངས་པའི་རྟ་ནག་རྟེན་ཐུགས་མཐོང་འཕྲལ་ཁྲག་སྐྱུགས་ནས་སྐད་ཅིག་མ་ལ་ཤི་ཞིང། སྤྱན་འདྲེན་སྐབས་གཞིའི་མགོ་རྟས་མདུར་བསུས་རྒྱུགས་ནས་ལྷ་ཁང་གི་སྤྱི་སྒོ་བར་བྱུང་བས་སེམས་ལ་ཡ་མཚན་སྐྱེས། དབྱར་མགོ་ལྷོ་ནས་ཆོས་རྗེ་ཚུལ་ཁྲིམས་འོད་ཕྲོ་བ་དང་ཆོས་སྐུ་ནམ་མཁའ་བ་དཔོན་སློབ་རྣམས་བྱོན་པ་ལ་རྔོག་དཀྱིལ་བདུན་གྱིས་དབང། ནི་གུའི་ཁྲིད། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་བཀའ་ཆོས་