R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 313
[A:313]རྣམ་གྲངས་རྣམས་མང་བ་དང། མཆོད་རྟེན་གྱི་ལས་ཀ་ཡང་ཆ་མཐུན་བྱུང། དབྱར་སྨད་ངམ་རིངས་སུ་ཡུད་ཙམ་ཕྱིན་རྗེས་གཞིས་ཀ་ནས་བཀའ་ལུང་བཞིན་ཤར་ཕྱོགས་ལ་རྟ་ཁ་བསྒྱུར་ཏེ་ཐོག་མར་གཞིས་ཀ་རིན་སྤུངས་རང་དུ་ཞག་འགའ་སྦྲེལ་ངལ་གསོ་གནང་རྗེས། སྡེ་པ་ཁུ་དབོན་གཉིས་ཀྱི་གཙོ་མཛད་དཔོན་བློན་རགས་བཏུས་རྣམས་ཀྱིས་ལྷན་ཅིག་བྱམས་ཆེན་དུ་ཆིབས་རགས་གཟབས་སྤྲོད་གནང་ནས་ཕེབས་ཤིང། བྱམས་ཆེན་གཞིར་བཞུགས་རྣམ་པའི་བསུ་བ་གསེར་ཕྲེང་བཀོད་པས་ཁྱད་པར་འཕགས་པ་གོས་སྐུ་ཞལ་ཕྱེ་དང་བཅས་ཆིབས་གཞོལ་འཕྲལ། བྱམས་ཁང་མདུན་དུ་གུར་གནས་བརྟན་ལྷ་ཁང་མར་སྐུ་ངལ་གནང་ཞིང། སང་འགྲུབ་སྦྱོར་དགེ་བའི་སྔ་དྲོའི་ཆ་ལ། བྱམས་གནས་བདེ་ཆེན་ཡངས་པའི་གཙུག་ལག་ཁང་གི་ཆོས་ཁྲིར་གདན་པའི་མངའ་གསོལ་སྟེངས། ཞབས་དྲུང་ཁུ་དབོན། དཔོན་ས་རྭ་ལྔ་ནས། ཁྲ་མ་ནས་སོགས་ཀྱིས་ཚོགས་སུ་མང་ཇ་ཚར་འགྱེད་ཁྲི་སྟོན་གཟབ་རྒྱས་གནང་ཞིང་དངོས་པོ་རྣམས་ཚོགས་སུ་ཕུལ། དེར་ཟླ་ཕྱེད་ཙམ་ཞབས་དྲུང་ཡང་གདན་ཆགས་པ་གནང་ངོས། ཆོས་ཀྱི་རྗེ་འབྲས་ཡུལ་གདར་ས་པའི་དྲུང་དང། ཆོས་རྗེ་འཇམ་གསར། བྱམས་ཆེན་སློབ་དཔོན་པ་རྣམ་པས་དབུ་མཛད་རགས་བསྡུས་ལ་ཁྲ་མ་ནས་ཡབ་སྲས་ཀྱི་ཞུ་བའི་གཙོ་བོ་གནང་བའི་དབང་རྡོ་ཕྲེང་རྒྱས་པ་རང་དང། ཞབས་དྲུང་དུ་དུས་འཁོར་སྡོམ་ཆེན་སོགས་ཕུལ་ནས། ར་ལྔར་སྡེ་པ་རྒྱལ་བུའི་དྲུང་དང་མཇལ་ཚེ་དབང་སོགས་བཀྲ་ཤིས་པའི་དབང་རྗེས་གནང་རྣམས་གྲངས་འགའ་ཕུལ་ནས། རི་ཁུད་ཆོས་སྡེར་བྱམས་ཆེན་གྱི་ལག་གི་སྣེ་འཛིན་ལ་ཕྱིན། བསུ་བཀོད་སོགས་དང་མང་ཇའི་ཞལ་དཀར་ཙམ་བསྒྲུབས་ནས། ཡར་ལམ་ལྷ་རྩེར་