R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 317
[A:317]སོགས་བཀའ་ཆོས་ཐོབ་གང་ཆེའི་ཐུགས་ཀྱི་རེ་བ་རྫོགས་པར་བྱས། གྲགས་པར་གཟིམས་ཁང་གི་བཀྲ་ཤིས་གཞི་འདིངས་ལ་ཕྱིན་སྐབས། སྙེ་མོ་ནས་ཆོས་རྗེའི་དྲུང་ཕེབས་བྱུང་ཞིང། མཆོད་ཡོན་ལྷན་དུ་ནག་པོ་སྤྱོད་པ་སོགས་ཀྱི་སྐྱེས་རབས་རྣམས་ཀྱི་ལུང་ཕུལ་ཡར་ལམ་རྭ་ལྔར་ཞལ་ངོ་གདན་འཛོམ་བཀྲ་ཤིས་ཞལ་རྒྱས་སྟེངས་སུ་ཚེ་རྟ། དམར་པོ་སྐོར་གསུམ་སོགས་རྒྱུན་གྱི་ལེགས་སྤེལ་གྱི་དབང་ཆོས་རྣམས་དགེ་བར་འཕུལ་ནས། གསེར་མདོག་ཅན་དུ་མཁན་སློབ་རྣམ་པའི་དགོངས་བཞེད་ལྟར་འོངས་ནས་ལམ་འབྲས་གཙོ་བོར་བཞག་པའི་དག་ལྗོན་སྐོར་གསུམ། སྤྲོས་མེད། ར་ཁྲིད། ནི་གུ་སོགས་ཀྱི་ཁྲིད་དང། བདེ་ཀྱེ་གསང་གསུམ་སོགས་ཀྱི་ཟུར་བཀའ་རྣམས་གྲངས་མང་བ། ལྷག་པར་སྲིན་ལག་གི་ཁྲག་རང་རྡོལ་བྱམས་ཆེན་དུ་བྱུང་བ་དེ་ཡར་ཁྱེར་ཡོངས་ནས་ནག་པོ་པའི་དབང་ཆ་བརྒྱད་འགྲེལ་མར་བྱས་ཞིང། གཞན་ལྷ་ཕྲན་སོ་སོའི་རྗེས་གནང། རྣམ་གུར་སོགས་ཆོས་སྐྱོང་སོ་སོའི་བཀའ་བསྒོའི་བར་ཉིན་མཚན་ཁོར་ཡུག་ཏུ་འདའ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བར་ཆད་མེད་པར་མཐར་ཕྱིན། དེ་སྐབས་ངེད་རང་གི་ལག་ནས་ནས་ཁལ་ལྔ་བརྒྱའི་ཕོགས་འབུལ། ཁྲི་ཁང་ནས་ནས་རས་དཔུས་དག་རང་གི་ཁལ་འགྱེད། སྐུ་མདུན་ཞིང་གིས་ཚ་འགྱེད་རྣམས་ཚོགས་པ་ལྔ་བརྒྱ་ལོངས་པ་ལ་བསྒྲུབས་ཤིང། ངེད་རང་གི་དམ་བཅའ་བྱས་པའི་ཆ་ནས་མང་ཇ་མ་བཀོལ། གཞན་སོ་སོ་ནས་མང་ཇ་བཟང་ལ་མང་བ་ཐུགས་ལ་བཏགས་བྱུང་ཞིང། གསེར་མདོག་ཅན་ནས་བསམ་སྡིངས་སུ་སྔར་གྱི་ནི་གུའི་ལྷག། གའུ་མའི་འཁྲིད་ཅིག་དཔོན་ས་ཡུམ་མད་ཀྱི་གཙོ་མཛད་ལ་བྱས། གཞན་ལཱུ་ནག་དྲིལ་གསུམ་གྱི་རྫོགས་རིམ། ཆོས་ཕྲན་བརྒྱ་རྩའི་ལུང་སོགས་རྣམ་