R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 316
[A:316]གོས་སྐུའི་རབ་གནས་ལ་དཔོན་སློབ་ལྷན་དུ་ཕེབས་སྐབས། སྐྱིད་གྲོང་ནས་ཞབས་དྲུང་ཁུ་དབོན་གྱིས་ཆིབས་བསུ་དང་བཅས། ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་པ་ཉིད་དུ་བཀྲ་ཤིས་ཀྱི་ས་ཆགས་པའི་སེར་ཕྲེང། གར་འཆམས། རྔ་བཤོན་དང་བཅས་པའི་མདུན་བདར་སྟེ། དགེ་མཚན་གྱི་ཐེམ་སྐས་ལ་ལེགས་པར་འཛེགས་ནས། མཆོད་ཡོན་ཞལ་འཛོམ་བསོད་ནམས་ཆེན་པོའི་དཔལ་གྱིས་མངོན་པར་མཐོ་བའི་བཞུགས་ཁྲི་སོ་སོར་འཁོད་པ་གནང་ཞིང། རབ་གནས་ཀྱི་ཆོ་གའི་བྱ་བ་མཐའ་རྒྱས་ཞལ་ལུ་vc: ཞ་ལུནས་རྗེ་མཁྱེན་བརྩེའི་དབང་ཕྱུག་དཔོན་སློབ་རགས་བསྡུས་དང་ལྷན་གཅིག། རྒྱུད་སྡེ་ནས་ཇི་སྐད་བཤད་པའི་ལེགས་བྱས་མ་ལུས་པ་བསྒྲུབ་ཅིང། སྦྱིན་བདག་བསྒོ་བའི་སྐབས་ཁུ་དབོན་ཡབ་ཡུམ་སྲས་དང་བཅས་པ་ལ་བཀྲ་ཤིས་ཕྱག་སྟོད། མངའ་གསོལ་ཤིས་བརྗོད་ཀྱི་མེ་ཏོག་འབུལ་བའི་བར་དགེ་བར་བགྱིས་ནས། རྩ་རུའི་སྟོན་མོ་རྒྱ་ཆེ་ཡངས་མཐོ། འབུལ་བའི་རྣམ་གཞག་བློ་འདས་ཀྱི་དཔྱོད་ལྡན་ཡོངས་ཀྱི་རེ་བ་ཡིད་བཞིན་དུ་གང་སྟེ། ཆོས་དང་སྲིད་ཞིའི་དཔལ་ཡོངས་སུ་རྒྱས་པའི་ངང་ཉིད་ནས། སླར་ཡང་བྱམས་གནས་བདེ་ཆེན་ཡངས་པའི་གཙུག་ལག་ཁང་ཉིད་དུ་སླར་ལོག་ནས་སྔགས་ལམ་གྱི་དབུ་བཙུགས། ལམ་འབྲས་ཞབས་རྫོགས་པ་དང་སྡེ་པ་རྒྱལ་བུའི་དྲུང་དང་རྗེ་མཁྱེན་བརྩེའི་དྲུང་གི་ཐུགས་བཞེད་ཀྱི་ཆོས་ཕྲན་རྣམས་ཀྱང་གྲུབ། ཤར་ཕྱོགས་ནས་ཕ་རིན་པོ་ཆེའི་སྤྲུལ་སྐུ་དཔོན་སློབ་རྣམས་ཕེབས་བྱུང་པ་ལ་ཞབས་ཏོག་བསྙེན་བསྐུར་གང་བཅོགས་དང། ཚེ་དབང་དགུང་གྲངས་མ། ནག་རྒྱ་ཕག་གསུམ་གྱི་དབང། ཆོས་དྲུག་རླུང་སེམས་དབྱེར་མེད། ཕག་མོ་ལྷ་ཁྲིད། སྐུ་གསུམ་ངོ་སྤྲོད། གྲུབ་བརྒྱའི་བྱིན་རླབས་