R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡བ
[A:༡བ] བཀའ་བརྒྱུད་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་ཞེས་བྱ་བ། བླ་མ་དམ་པ་རྣམས་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། སྐྱེ་བ་ཀུན་དུ་ རྗེས་སུ་གཟུང་དུ་གསོལ། སྤྲོས་བྲལ་ཆོས་སྐུའི་མཁའ་ལས་མ་གཡོས་པར། སྣ་ཚོགས་གཟུགས་སྐུའི་སྣང་བ་རབ་སྤྲོས་པས། མཐའ་དག་འགྲོ་བའི་མ་རིག་མུན་སེལ་བ། ཐུབ་དབང་སྔོན་མེད་ཉི་མ་དེ་ལ་འདུད། མཐའ་བྲལ་དབུ་མའི་དོན་གཟིགས་ལྟ་བའི་བརྒྱུད། རླབས་ཆེན་མཛད་པ་མཐར་ཕྱིན་སྤྱོད་པའི་བརྒྱུད། རིམ་གཉིས་རྣལ་འབྱོར་མཐར་སོན་བྱིན་བརླབས་བརྒྱུད། བརྒྱུད་གསུམ་བླ་མ་རྣམས་ཀྱི་ཞབས་ལ་འདུད། མཁྱེན་པས་འཁོར་བའི་འཆིང་བ་ལས་གྲོལ་ཀྱང་། ཐུགས་རྗེའི་དབང་གིས་སྲིད་ལ་མངོན་དགའ་ཞིང། སེམས་མཆོག་ཡིད་བཞིན་ནོར་ལ་དབང་འབྱོར་བ། དཔལ་ལྡན་ཨ་ཏི་ཤ་ཡི་ཞབས་རྡུལ་མཆོད། དེ་ལས་བརྒྱུད་པའི་ཤིང་རྟ་མཆོག་གི་ལམ། རྒྱལ་བའི་བཀའ་བཞིན་གདམས་པར་ཉམས་ལེན་པ། བཀའ་གདམས་བཤེས་གཉེན་ཇི་ལྟར་བྱོན་པའི་ཚུལ། མཐོང་ཐོས་མདོ་ཙམ་འདིར་ནི་གསལ་བར་བཤད། ཡོངས་འཛིན་དམ་པས་རྗེས་སུ་གཟུང་བ་དང། མ་འདྲེས་འབྱེད་པའི་བློ་གྲོས་ལྡན་གྱུར་ཅིང། དད་ལྡན་དོན་གཉེར་དུ་མས་བསྐུལ་གྱུར་པས། ཚུལ་འདི་