R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༢]༄༅། །ན་མཿཤྲཱི་གུ་རུ་བུདྡྷ་བོདྡྷི་སཏྭ་མཎྜ་ལ་དེ་ཝ་ཏ་དྷརྨྨ་པཱ་ལ་དྷ་ན་དེ་ཝ་ས་པ་རི་ཝཱ་རེ་བྷྱཿ ཀུན་མཁྱེན་གསུང་གི་སྙིང་པོ་དགའ་བཞིའི་ལམ། །ལེགས་པར་སྟོན་པའི་བློ་གྲོས་ཆེར་གསལ་བས། །གསང་ཆེན་བསྟན་པའི་རྒྱལ་མཚན་འཛིན་པའི་དཔལ། །འདྲེན་མཆོག་བཟང་པོར་སྙིང་ནས་དད་པས་འདུད། །བློ་མཆོག་རྒྱལ་བ་མ་ལུས་འདུས་པའི་དངོས། །གདུལ་བྱའི་ཁམས་དང་བསམ་པ་གསལ་མཁྱེན་ནས། །ཕན་བདེ་རྒྱ་མཚོ་ཡིད་བཞིན་སྩོལ་མཛད་པ། །ཕ་རྒོད་སྐུ་དྲིན་དབང་པོར་གསོལ་བ་འདེབས། །ནམ་མཁའི་མཐས་ཀླས་སེམས་ཅན་རྗེས་གཟུང་ཕྱིར། །རིན་ཆེན་དམ་པའི་ཆོས་ཀྱི་མཛོད་བཟུང་ནས། །གང་འདུལ་ཆོས་ཀྱི་དགའ་སྟོན་སྤེལ་བའི་རྗེ། །སྙིང་ནས་དྲན་ནོ་བྱང་ཆུབ་བར་དུ་སྐྱོངས། །རབ་འབྱམས་རྒྱུད་སྡེའི་མངའ་བདག་བྱང་གླིང་པ། །ཟབ་གཏེར་བསྟན་པའི་རྒྱལ་མཚན་མངའ་རིས་པ། །