R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༣]ལུགས་གཉིས་ཕན་བདེའི་རྩ་ལག་གནས་གསར་བ། །སྐུ་དྲིན་མཉམ་མེད་གསུམ་ལ་སྐྱབས་སུ་མཆི། །གང་གི་སྐུ་དྲིན་ཟེར་ཕྲེང་ཕྲ་མོས་ཀྱང༌། །བདག་ལྟའི་མུན་པ་སྟུག་པོ་དྲུང་ཕྱུངས་ནས། །ལྷན་སྐྱེས་བདེ་བའི་གེ་སར་བཞད་པའི་དཔལ། །རྒྱ་བོད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྨིན་བྱེད་དབང་གི་རྩ་བ་རབ་བརྟན་ཞིང༌། །བྱིན་རླབས་བཀའ་གནང་ཡལ་འདབ་བྱེ་བས་སྤུད། །ཟབ་དོན་སྙན་བརྒྱུད་འབྲས་བུའི་ཁུར་འཛིན་པ། །དཔག་བསམ་བརྒྱུད་པའི་བླ་མ་རྣམས་ལ་འདུད། །བདེ་ཆེན་དམིགས་མེད་ཐུགས་རྗེས་ཁྲོས་པའི་སྐུ། །འོད་གསལ་སྟོང་ཉིད་བདག་མེད་ཡུམ་གྱིས་འཁྱུད། །རྣམ་ཐར་བརྒྱད་དངོས་ལྷ་མོའི་འཁོར་གྱིས་བསྐོར། །དགྱེས་མཛད་ལྷག་པའི་ལྷ་དེས་རིང་དུ་སྐྱོངས། །དཔལ་ལྡན་བྱང་ཆུབ་ཕྱོགས་ཆོས་བདག་ཉིད་ཅན། །མཛེས་ལྡན་ཁྲོ་ཆགས་སྟོང་ཉིད་ཕག་མོས་རྩེན། །སྐལ་ལྡན་སྙིང་ལ་བདུད་རྩིའི་དཔལ་སྟེར་བ། །བཅོམ་ལྡན་བདེ་མཆོག་སྙིང་