R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༩༢
[A:༣༩༢]རྩི་ལན་གསུམ་འབབ། །མཆོག་དམན་གདུལ་བྱའི་རྒྱ་མཚོ་བཞིར་བགྲོད་ཚེ། །མི་ཟད་ངན་འགྲོའི་གདུང་བ་ཀུན་ཞི་བའི། ཐམས་མཁས་པད་དཀར་མིག་ལས་མཚུངས་གཞན་མེད། །དུས་མཐར་ཁྱོད་མཐུས་ལྷ་རིགས་རྗེ་འབངས་རྣམས། །ཕུན་ཚོགས་འབྱོར་བ་རྒྱས་མཐོང་རྣམ་ཐོས་བུ། །རང་མཐུ་ཉམ་ཆུང་རིག་ནས་ལྷུན་པོའི་སྤོར། །ཡུད་ཙམ་ངལ་གསོའི་འཛུམ་ཞལ་ཕྱོགས་པ་སྙམ། །ཁམས་གསུམ་སྣོད་བཅུད་བརྟན་གཡོའི་དགེ་ལེགས་ཀྱིས། །འདུ་གནས་ཞབས་བརྟན་པདྨོའི་དོ་ར་དེ། །ཡངས་པོར་བསྒྲུབས་པས་ཀུན་གསལ་ལང་ཚོ་མས། །རང་ལུས་ཐོགས་བྱས་བཀག་ཀྱང་ནུས་མ་ཡིན། །འཕྲིན་ལས་དྲག་པོའི་གདུལ་བྱ་བསྟན་པའི་དགྲ། །ཐམས་ཅད་སྲིད་མཐར་བསྒྲལ་བའི་ལྷག་མ་ཞིག །ཡོད་པར་ངེས་ཏེ་མཐུ་ལྡན་སྲུང་མའི་ཚོགས། །ད་དུང་བསྟན་པའི་མེལ་ཚེ་ཁོ་ན་མཛད། །ཐུགས་རྗེ་ཀུན་གསལ་ཡང་བོར་འཕྲིན་ལས་བཞི། །གྲུབ་པ་དཔྱིད་ཀྱི་དགའ་སྟོན་ཡོངས་གང་བས། །སྐལ་བཟང་བསོད་ནམས་འཛིན་མར་ཡེ་ཤེས་ཀྱི། །འབྲས་ལྡན་ཕུན་ཚོགས་སྙེ་མའི་དོག་པས་གཏམས། །ཀྭ་ཡེ། སྙན་འོས་ངག་གི་ཉམས་ལྡན་ཚིག་ཏུ་ཟབ་ཡངས་རྣམ་ཐར་མདོ་ཙམ་བརྗོད་པའི་ནོར་ལྡན་མར། །རྣམ་གསུམ་རིགས་པའི་ཨུཏྤལ་ཆེར་རྒྱས་བདེ་བླག་རྟོགས་པའི་གེ་སར་ཟེའུ་འབྲུ་བཞད་པའི་དཔལ། །དོན་བཟང་སྙིང་པོའི་ཟིལ་མངར་ཡོངས་དུད་རྒྱན་གྱི་གླུ་ལེན་རྐང་དྲུག་འཕྲེང་བས་རྣམ་རྩེན་པ། །དཔལ་ཡོན་དམ་པའི་གསུང་ཞིམ་ངད་ལྡང་འདབ་