[A:༢༥༣]མཚུངས་མིན་རིགས་ཀྱི་མུ་ཏིག་ཆེས་དཀར་བས། །མཐོ་རིས་སྐྱེ་བོའི་མཐོང་ཀ་མཛེས་པ་ཐོབ། །ཡིད་འོང་རོལ་པའི་གྲོང་དང་སེར་སྐྱའི་གཞི། །ཨཽ་ཌི་ཡ་ནའི་རྗེས་མཚུངས་འདུན་ས་ཆེར། །ཉེ་དབང་ཤཱཀྱའི་གཙོ་དང་དབང་པོའི་བློ། །ཇི་བཞིན་རྒྱལ་སྲས་འགྲོ་བའི་མིག་བུ་བལྟམས། །ངང་ཚུལ་ཕུན་ཚོགས་དཔལ་གྱི་དུམ་བུའི་དྲི། །མང་ཐོས་ལྷོ་རླུང་གསར་པ་དང་འགྲོགས་པས། །ཏིང་འཛིན་བསིལ་བའི་རེག་བདེས་ཞི་ལམ་གྱི། །དོན་མཐུན་ཀུན་དགའི་དཔལ་དུ་སིམ་པ་ཐོབ། །གསང་ཆེན་ཙུ་ཏའི་འཁྲི་ཤིང་གཞོན་ནུ༷་རྣམས། །གྲུབ་རིགས་སྙེ་མས་སྤུད་པའི་བློ་གྲོས་ཀྱི། །ལོ་མའི་ཕང་ཕུང་འཁྲིགས་པའི་གྲིབ་བསིལ་འདི། །སྲིད་ལམ་དུབ་པའི་ཡིད་ཅན་ངལ་བསོའི་གནས། །དབང་ཕྱུག་དམ་པའི་རིགས་ལས་ཆོས་ཀྱི་སྲིད། །རབ་བརྟན་སེང་གེའི་ཁྲི་ལ་ཞབས་