[A:༥༦༦]སག་གེ་བྱས་ལྷ་རྩེ་སོགས་ལ་བྱུང་ན་དོར་སྟོད་ལ་འགྲོ་ཟེར་ངེད་ཀྱི་བླ་བྲང་དུ་སླེབ་ཙ་ན་རིན་སྤུངས་དཔུང་སྔ་བ་ལ་བཏེག་སོང་ཟེར་འགྲོ་མ་དགོས། རང་རེའི་ཞུ་ཡིག་རྒྱང་པའི་གྲྭ་པ་དེས་ཕུལ་བས་འདི་འཕྱིས་ནས་ད་མ་བྱུང་གསུང་ཟེར། རྩོད་དུས་ཀྱི་མགྲོན་པོ་བྲེལ་དུས་འདིར། །ཕྱོགས་གཉིས་ཕྱོགས་སུ་སྙིང་རྩ་འདར་རེ་བ། །ཁོང་རྒྱལ་ཕམ་གྱི་རེས་འཇོག་ཐོར་རེ་བ། བློ་ཆོས་སོང་རྣམས་གཅེར་ཉལ་ལོང་ངེ་འདུག །དེ་ནས་རང་ལུས་མ་བདེ་བས་ས་ལུང་ཆུ་ཚན་ལ་དེ་འཕྲལ་ཕྱིན། །རབ་རྒྱང་དྲུང་འཚོ་ནས་ཀྱང་མཇལ་དུ་བྱུང༌། །རྩྭ་མེ་ཤིང་སོགས་འདར་ནས་བཀའ་ལུང་བྱས་སེམས་མཚེར་ནས་བྱུང༌། སྔར་ཕན་ས་ལུང་ཆུ་ཚན་དུ་ཆུ་དཀར་མཆེར་མི་ཡོང་ནའང་དེ་དུས་ཕུའི་ཆུ་དཀར་མ་ཞིག་འདྲ་བའི་ཆུ་དཀར་མ་ཉིན་གཅིག་བྱུང་ཡུལ་ས་ལུང་རང་བྱུང་ཚ་བའི་ཆུ། །ཐག་རིང་ཡང་ལུས་ཟུངས་འཚོ་བའི་སྨན། །རྩ་སེར་ནག་སྐོལ་ན་འཆི་མེད་ཆབ། །ཁྲུས་རྫིང་བུ་ངོ་མཚར་དེ་ནས་སྐྱིས། །དེ་དུས་གཙང་པའི་དཔུང་ས་ལུང་དུ་སླེབ། ལྷ་བཟང་དྲུང་ལ་སྐྱོན་ཆེན་པོ་ཡོང་བ་འདུག་པས་བྱང་སེམས་ཨ་མཛེས་དྲུང་གིས་ཡོང་དགོས་གསུང་ཕྱིན། ལྷ་རྩེར་སླེབ་ཙ་ན་ལྷ་བཟང་དྲུང་ད་ནང་ཐེགས་དེ་འདྲའི་སྐྱོན་མི་ཡོང་བ་ཡོད་ཟེར་སླར་ལོག །དེ་ནས་ཡུན་རིང་པོ་མ་ལོན་པར་ལྷ་བཟང་དྲུང་དུས་ལ་བབས་ཟེར་ཐུགས་དམ་འདོགས་སླེབ་བྱུང༌། མི་ཕལ་ཆེར་གསོལ་བ་ཡིན་ཟེར་གཏམ་སྨྲ་ཡིན་འདུག །དུས་སྙིགས་མ་ལྔ་བདོའི་མཇུག་མ་འདིར། །མི་དྲག་པ་ལས་ཀྱིས་འདས་ན་ཡང༌། །ཟས་ངན་པས་ཡིན་ཟེར་འཆོལ་གཏམ་སྨྲ། །གཏམ་དང་དུ་མ་ལེན་རྣ་བ་དགབ། །དེ་ནས་དྲང་